༼མཐོ་གཅིག༽༨ བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ།
སྤེལ་དུས།  2012-11-20  རྡེབ་ཚད།   ཡོང་ཁུངས། ངེད་དྲ་ཚིགས།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

2jpg.jpgLWX

༨ བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ།LWX
[རྨང་གཞིའི་སྦྱོང་བརྡར]LWX
1འཕྲེད་ཐིག་བཀོད་པའི་ཐ་སྙད་སྦྱར་བ་འབྱོར་བའི་ཚན་པ་ནི། (  )LWX
    ཀ  ཁོའི་རྩོམ་ཐུང་དེའི་ནང་དུ་སློབ་གྲྭ་དང་དགོན་པ་ཁག་གི་གདན་རབས་བཀོད་ཡོད།LWX
    ཁ  རྫི་བོས་རྟ་ནོར་ལུག་གསུམ་དཔྱིས་ཕྱིན་པའི་རྩྭ་ཐང་དུ་དེད།LWX
    ག  ཆོམ་པོ་དང་ཇག་པས་རང་གི་ལས་འགན་མཐའ་དག་ལྷུར་བཞེས་ཏེ་འཕྲོག་བཅོམ་བྱས།LWX
     ང  སྲིད་པའི་ཕུན་ཚོགས་ནི་མི་རྟག་གློག་གི་གར་དང་མཚུངས།LWX
2ཡིག་ནོར་ཅན་གྱི་ཚན་པ་ནི།(  )     LWX
    ཀ  ཚིག་གི་མཆོག་སྦྱིན་སྟེར་མཛད་འཇམ་པའི་དབྱངས།།LWX
       དེ་ལ་འདུད་དོ་རེ་བ་འབྲས་ལྡན་མཛོད།།LWX
    ཁ  སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།།LWX
       ལང་ཚོ་མི་སྡོད་རྒྱུག་པའི་རི་གཟེར་ཆུ།།LWX
3གཤམ་གྱི་རྗོད་པ་དག་ལས་ཚིག་སྦྱོར་ཅན་གྱི་ཚན་པ་ནི། ( )LWX
    ཀ  རྟ་མཆོག་གི་བང་རྩལ་གྱིས་ལ་ཐག་རིང་པོ་སྐད་ཅིག་ཏུ་བརྒལ།LWX
    ཁ  ཆུ་བོའི་ཤང་ཤང་གི་སྒྲ་ཡིས་མིའི་རྣམ་ལམ་དུ་སྙམ་པའི་དབྱངས་གཏོང་བར་བྱེད།LWX
    ག  དགུང་ལོ་བདུན་གྱི་སྐབས་སུ་ཁོང་སློབ་གྲྭར་ཞུགས་ཏེ་ཡི་གེ་འབྲི་ཀློག་སྦྱངས།LWX
     ང  བཀྲ་ཤིས་ལ་ནད་ལྕི་མོ་ཞིག་བྱུང་རྗེས།བྱིས་པ་གསུམ་པོ་ཡང་གཡང་མཚོའི་རྗེས་སུ་LWX
       གནས་ལ་བུད་སོང་།LWX
4ཚིག་སྦྱོར་སྐྱོན་ཅན་མ་ཡིན་པའི་ཚན་པ་ནི།(  )LWX
  ཀ  མཐའ་ཡས་པའི་གཞུང་ལམ་སྟེང་དུ་རླངས་འཁོར་སྣ་ཚོགས་འདུར་རྒྱུག་བྱེད།LWX
 ཁ  གྲུབ་འབྲས་ཡོད་ན་འཕེལ་རྒྱས་སུ་གཏོང་དགོས་ལ།སྐྱོན་ཆ་ཡོད་ན་ལེགས་བཅོས་LWX
     བྱེད་དགོས།LWX
  ག  རྔ་མོང་དང་ལུ་གུ་གཉིས་ལས་གཅིག་གཟུགས་ཆེ་ཞིང་གཟུགས་དམའ།LWX
  ང  སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།།ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ།།LWX
5མངོན་བརྗོད་ཀྱི་ངོས་འཛིན་ནོར་བའི་ཚན་པ་ནི། (  )LWX
  ཀ  སྨྲ་བའི་ཁྱུ་མཆོག་འཕགས་པ་ཡབ་སྲས་དང་།།(མཁས་པའི་དབང་བོ)LWX
  ཁ  བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན།།(ཉི་མ)LWX
  ག  དམར་སེར་ཅན་གྱི་རྒྱལ་བའི་ལྷས་བཀོད་པ།།(འཇམ་པའི་དབྱངས)LWX
  ང  ཐུབ་པའི་གསུང་ལས་སྙིང་བོ་ལེན་འདོད་ལ།།(མཁས་པ)LWX
6ཚིག་དོན་གྱི་གོ་བ་ལེན་སྟངས་ནོར་བའི་ཚན་པ་ནི། (  )LWX
  ཀ  “སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།།”ཞེས་པའི་གོག་གི་གར་དེས་སྐད་ཅིག་LWX
     སྐད་ཅིག་ལ་འགྱུར་བ་དང་མི་རྟག་པའི་སྣང་ཚུལ་མཚོན་པ་ཡིན།LWX
  ཁ  “ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ།།”ཞེས་པའི་རི་གཟར་ཆུ་ཡིས་ཆོས་ཉིད་ཟློག་LWX
     ཐབས་མེད་པ་དེ་མཚོན་པ་ཡིན།LWX
 ག   “ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན།།” ཞེས་པའི་རི་མོའི་མར་མེ་ཡིས་གཟུགས་LWX
     བརྙན་ཙམ་ལས་ཡོད་གོ་མི་ཆོད་པ་དེ་མཚོན།LWX
 ང   “འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བ།། ”ཞེས་པའི་འདམ་གྱི་ཕུར་བ་དེས་LWX
     ཧ་ཅང་བརྟན་ཞིང་གཡོ་འགུལ་མེད་པ་མཚོན།LWX
7རྩོམ་འདིར་བཀོད་པའི “རིན་པོ་ཆེ་གསུམ”གྱི་གོ་བ་ལེན་སྟངས་ཡང་དག་པ་ནི། (  )LWX
①རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་།LWX
②གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།LWX
③ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།LWX
④ དོན་བཟང་བ་དང་ཚིག་འབྲུ་བཟང་བོ་ཞེས།།LWX
  ཀ  ①②③     ཁ  ②③④    ག  ①③④  ང  ①②④ LWX
8《རྗེ་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ》ཞེས་པའི་རྩོམ་པ་པོ་ནི། (  )LWX
ཀ  རྗེ་ཙོང་ཁ་བ་བློ་བཟང་གྲགས་པ།    ཁ  དགེ་འདུན་ཆོས་འཕེལ།LWX
  ག  འཕགས་པ་ཀླུ་སྒྲུབ།                  ང  ས་སྐྱ་ཀུན་དགའ་རྒྱལ་མཚན།LWX
9“འདི་ན་རིགས་གཞུང་གཉིས་ལ་རབ་སྦྱངས་ཀྱང་།།”ཞེས་པའི་རིགས་གཞུང་གཉིས་ནི།(  )LWX
    ཀ  ཚད་མ་རིག་པ་དང་དབུ་མའི་གཞུང་གཉིས་ལ་གོLWX
    ཁ  ཕྱི་རོལ་པ་དང་ནང་པའི་རིག་གནས་གཉིས་ལ་གོLWX
    ག  རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་གཉིས་ལ་གོLWX
    ང  རྒྱ་གར་གྱི་རིག་གནས་དང་བོད་ཀྱི་སྲོལ་རྒྱུན་རིགས་པའི་གཞུང་ལུགས་གཉིས་ལ་གོLWX
10 《རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ》ཞེས་པའི་བཀའ་རྩོམ་འདིར་གཙོ་བོར།(  )LWX
    ཀ  གཞུང་པོ་ཏི་ལྔ་དང་ཐུན་མོང་རིག་གནས་ལ་སློབ་སྦྱོང་བྱེད་ཚུལ་བསྟན་ཡོད།LWX
    ཁ  རྒྱ་གར་གྱི་རིག་གནས་ཇི་ལྟར་སྦྱོང་ཚུལ་གདམས་ཡོད།LWX
    ག  སྙན་ངག་གི་གཞུང་ལ་ཇི་ལྟར་སྦྱོང་ཚུལ་གདམས་ཡོད།LWX
  ང  བཤེས་གཉེན་སྟེན་ཚུལ་བསྟན་ཡོད།LWX
[ལྟ་ཀློག་དང་དབྱེ་ཞིབ]LWX
       ཀྱེ་མོའི་སྐྱེ་དགུའི་དོན་གཉིས་འགྲུབ་པ་ནི།།LWX
       རྣམ་དག་གཞུང་ལུགས་དག་ལ་མ་བརྟེན་མིན།།LWX
       དེ་ལ་བརྟེན་པའང་སྒྲ་ཙམ་ལྷུར་ལེན་པས།།LWX
       འདས་པར་བྱས་ནས་དེ་ལས་བསླུས་པ་གང་།།LWX
       ཆུས་ཁྱེར་འགའ་ཞིག་སྐོམ་པས་ཤི་བ་བཞིན།།LWX
       མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི།།LWX
       གཞུང་ལུགས་གདམས་པར་ཤར་བ་མེད་པས་ནོངས།།LWX
       དེ་ཕྱིར་གང་བསླབས་གདམས་པར་ཤར་བ་གཅེས།།LWX
       དེ་ལྟར་དོན་གྱི་གནད་རྣམས་མ་འཕྱུགས་ན།།LWX
       ཚིག་སྦྱོར་དམན་ན་ཉེས་པ་ཆུང་མོད་ཀྱང་།།LWX
       རྒྱལ་བ་ཉིད་ཀྱིས་གསུང་རབ་བསྔགས་པ་ན།།LWX
       དོན་བཟང་དང་ཚིག་འབྲུ་བཟང་བོ་ཞེས།།LWX
       གསུངས་ཤིང་ཤིན་ཏུ་དཀར་བའི་ཁང་བཟང་ལའང་།།LWX
       བསིལ་ཟེར་བྱེད་པའི་འོད་ཀྱིས་བྱུགས་པ་བཞིན།།LWX
       དོན་བཟང་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས།།LWX
       སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར།། LWX
11དོན་གཉིས་ནི། (  )LWX
 ཀ  རང་དོན་དང་གཞན་དོན།LWX
  ཁ  ཚེ་འདི་ཡི་དོན་དང་ཕྱི་མའི་དོན།LWX
  ག  འདས་པའི་དོན་དང་མ་འོངས་པའི་དོན།LWX
    ང  མངོན་འགྱུར་གྱི་དོན་དང་ལྐོག་གྱུར་གྱི་དོན།LWX
12ཚན་པ་འདི་དོན་གྱི་ཆ་ནས་རིམ་པ་གཉིས་སུ་དབྱེ་ཆོག དེའི་དབྱེ་ཞིབ་ཡང་དག་པ་ནི།(  )LWX
  ཀ  རིམ་པ་དང་པོའི་ནང་དུ་དོན་གཉིས་འགྲུབ་པ་ལ་གཞུང་ལུགས་ལ་བརྟེན་དགོས་ཚུལ་LWX
     དང་།རིམ་པ་གཉིས་པའི་ནང་དུ་ཚིག་སྦྱོར་བཟང་པོའི་ཡོན་ཏན་བསྟན་ཡོད།LWX
  ཁ  རིམ་པ་དང་པོའི་ནང་དུ་དོན་གཉིས་འགྲུབ་པའི་ཐབས་དང་རིམ་པ་གཉིས་པའི་ནང་LWX
     དུ་བཤེས་གཉེན་སྟེན་ཚུལ་བསྟན་ཡོད།LWX
13 “དེ་ལ་བརྟེན་པའང་སྒྲ་ཙམ་ལྷུར་ན་པས” ཞེས་པའི་དེ་སྒྲ་ནི། (LWX
  ཀ  ཐ་སྙད་འདས་མ་ཐག་པ།          ཁ  རྣམ་གྲངས་གཞན་བརྗོད་པ།LWX
  ག  གསང་བའི་དངོས་པོ།          ང  དུས་འདས་པ།LWX
14“དོན་གཉིས་འགྲུབ་པ་ནི”ཞེས་པའི་ནི་སྒྲ་དང་། “ཆོསཀྱིས་ཕོངས་པ་ནི”ཞེས་པའི་ནི་སྒྲ་ནི། ( )LWX
  ཀ  དགར་བའི་དོན་ལ་འཇུག        ཁ  བརྣན་པའི་དོན་ལ་འཇུགLWX
  ག  ཁ་སྐོང་བ་ལ་འཇུག               ང  རྒྱུ་མཚན་སྟོན་པ་ལ་འཇུགLWX
15 “མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ”ཞེས་པའི་ཀྱང་སྒྲ་ནི། (  )LWX
  ཀ  མཐུན་པའི་ཚིག་རྒྱན་ལ་འཇུགLWX
  ཁ  མི་མཐུན་པའི་ཚིག་རྒྱན་ལ་འཇུགLWX
  ག  སྡུད་པའི་དོན་ལ་འཇུགLWX
16 “འོད་ཀྱིས་བྱུགས”ཞེས་པའི་ཀྱིས་སྒྲ་ནི། (LWX
  ཀ  རྣམ་དབྱེ་གསུམ་པ་བྱེད་སྒྲ        ཁ  རྣམ་དབྱེ་དྲུག་པ་འབྲེལ་སྒྲLWX
  ག  རྣམ་དབྱེ་ལྔ་བ་འབྱུང་ཁུངས།       ང  རྣམ་དབྱེ་གཉིས་པ་ལས་སུ་བྱ་བ།LWX
17 “ཤིན་ཏུ་དཀར་བའི་ཁང་བཟང”ཞེས་པའི་འབྲེལ་སྒྲ་ནི། (  )LWX
  ཀ  བདག་ཉིད་གཅིག་པའི་འབྲེལ་བ།LWX
  ཁ  ཁྱད་ཆོས་དང་ཁྱད་གཞིའི་འབྲེལ་བ།LWX
  ག  རྟེན་དང་བརྟེན་པའི་འབྲེལ་བ།LWX
  ང     རྒྱུ་དང་འབྲས་བུའི་འབྲེལ་བ།LWX

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།