༄༅། ། ཁྲི་སྲོང་ལྡེ་བཙན།
སྤེལ་དུས།   2017-11-30 09:03:32
རྩོམ་པ་པོ།   སྒྲོལ་མ་དོན་གྲུབ།
ཡིག་ཆའི་རྣམ་པ།   RAR
སྐད་རིགས།   བོད་ཡིག
ཕབ་ལེན་བྱེད་གནས།   འདི་ནས་ཕབ་ལེན་བྱོས།
ཕབ་ལེན་ཐེངས་གྲངས།    
པར་གཞི།   མཚོ་ལྷོའི་ལོ་རྒྱུས་བསླབ་དེབ། ལོ་རིམ།   ལོ་རིམ་བརྒྱད་པའི་སྟོད་ཆ།
ཡིག་གཟུགས།   ཧི་མ་ལ་ཡ། སློབ་གྲྭ།   མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང།
མཚམས་སྦྱོར་མདོར་བསྡུས།

捕获.JPG1.JPGyfJ

ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སྨྱན་མང་ཁྲིད་ཆས་འགྲན་སྡུར་སྐབས་གསུམ་པའི་དཔྱད་འདེམ་བྱ་འགུལ་གྱི་འགྲན་ཞུགས་ཁྲིད་ཆས།yfJ

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཞེས་པའི་སློབ་ཚན་འདི་ནི་མཚོ་ལྷོ་ཁུལ་གྱི་མཉམ་བསྒྲིགས་སློབ་གཞི་ལོ་དགུའི་འགནག་བབ་སློབ་གསོའི་དམའ་འབྲིང་ལོ་རིམ་བརྒྱད་པའི་སྨད་ཆའི་སྡེ་ཚན་ལྔ་པའི་སློབ་ཚན་བཅོ་བརྒྱད་པ་ཡིན།yfJ

བསླབ་ཆས་འདིའི་ནང་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་ཕྱི་འབྲེལ། མངའ་ཁོངས་རྒྱ་བསྐྱེད་ཚུལ་བཅས་གཙོ་བོར་བརྗོད་པ་སྟེ། སྐབས་དེར་ཡབ་རྒྱལ་པོ་བློན་པོས་བཀྲོངས་པ་དང་མ་ཞང་ཁྲོམ་པ་སྐྱེས་ཀྱི་ནང་ཆོས་བྱེད་མི་ཆོག་པའི་ཁྲིམས་བུ་ཆུང་བཅས་པ། འགོས་ཀྱིས་ཐབས་ལ་བརྟེན་ནས་མ་ཞང་ཕམ་པར་བྱས་པ། བོད་ཀྱི་ལོ་ཙྰ་བ་རབས་དགུས་ནང་ཆོས་མང་པོ་བསྒྱུར་ཞིང་སྤེལ་བ། སྦ་སིང་ཤིར་གྱིས་རྒྱ་ནག་ནས་ཆོས་སྤྱན་དྲངས་པ། སྦ་གསལ་སྣང་གིས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་སྤྱན་དྲངས་ཏེ་མཁན་ཆེན་ལས་སད་མི་མི་བདུན་རབ་ཏུ་བྱུང་བ་དང་། སློབ་དཔོན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་པ། སྟོན་རྩེན་གཉིས་ཀྱི་ལྟ་བ་མ་མཐུན་པར་ཀཱ་མ་ལ་ཤཱི་ལ་ཡིས་ཧྭ་ཤང་མ་ཧ་ཡ་ན་རྩོད་པའི་ཕམ་པར་བྱས་ཏེ་བོད་ཡུལ་ནས་མཐར་སྤྲད་པ། བློན་སྟག་སྒྲ་ཀླུ་ཁོང་གཙོ་བྱས་ཏེ་རྒྱལ་ནག་གི་ཡུལ་ལ་དམག་དྲངས་ཏེ་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་བླངས་པ། འགོས་གཙོ་བྱས་ཏེ་རྒྱ་གར་ཡུལ་ལ་དམག་དྲངས་ཏེ་རྒྱ་གར་གྱི་མངྒ་ངྷ་ནས་སངས་རྒྱས་ཀྱི་རིང་བསྲེལ་བྲེ་དྲུག་བོད་ཡུལ་དུ་སྤྱན་དྲངས་པ་དང་། ཆུ་བོ་གངྒའི་འགྲམ་ནས་ལྕགས་ཀྱི་གདུང་མ་བཙུགས་པ་བཅས་གཙོ་བོར་བཟུང་ནས་བརྗོད་ཡོད།yfJ

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།