༄༅།། སློབ་གསོའི་ཞིབ་འཇུག་བཟང་བོར་འདེགས་ཤིང་གིས་ནུས་པ་འདོན་དུ་འཇུག་དགོས།
སྤེལ་དུས།  2017-06-18  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།  རྩོམ་པ་པོ། ལེས་གཅན་རྣམ་ཐར་གྱིས་བསྒྱུར།  རྩོམ་སྒྲིག་པ། lobsang

སློབ་གསོའི་ཞིབ་འཇུག་བཟང་བོར་འདེགས་ཤིང་གིས་ནུས་པ་འདོན་དུ་འཇུག་དགོས།gS2

སློབ་གསོའི་ཞིབ་འཇུག་ནི་སློབ་ཁྲིད་ཞིབ་འཇུག་གི་བསྡུས་མིང་ཡིན་ཞིང་། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ཆད་ནས། སློབ་གསོ་ཞིབ་འཇུག་མེད་པ་ནས་ཡོད་པར་གྱུར་བ་དང་། ཐ་ཐོར་ནས་ཕུང་གཟུགས་ཅན་དུ་གྱུར་ཏེ། རྒྱུད་མི་ཆད་པའི་འཕེལ་རྒྱས་དང་ཡོངས་སུ་ཆ་ཚང་བའི་གོ་རིམ་ཞིག་བརྒྱུད་འོང་བ་རེད། ལག་ལེན་ལས་བདེན་དཔང་བྱས་པ་ལྟར་ན། སློབ་གསོའི་ཞིབ་འཇུག་གིས་སློབ་ཁྲིད་རྒྱུ་སྤུས་ཁག་ཐེག་དང་མཐོར་འདེགས་སུ་གཏོང་བར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་པ་རེད།gS2

འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱས་ན། སློབ་གསོའི་ཞིབ་འཇུག་གི་ཡོང་ཁུངས་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་སློབ་གསོའི་ལས་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་སློབ་གསོ་རྒྱུ་སྤུས་དམའ་བའི་བར་གྱི་འགལ་འདུ་ལས་བྱུང་བ་ཞིག་ཡིན། སུའུ་ལེན་གྱི་ཉམས་མྱོང་དཔྱད་གཞིར་བཟུང་བའི་རྨང་གཞི་སྟེང་ནས། སློབ་གྲྭ་ནས་ཡུལ་ཁམས་སུ་སྔ་རྗེས་ལ་སློབ་ཁྲིད་ཞིབ་འཇུག་ཚོ་ཆུང་ངམ་ཡང་ན་སློབ་ཁྲིད་ཞིབ་འཇུག་སྒྲིག་གཞི་བཙུགས་ཏེ། ཆེད་མཁས་མི་སྣ་རྩ་འཛུགས་བྱས་ནས་དགེ་རྒན་གྱི་བསླབ་ཁག་ནུས་པ་མཐོར་འདེགས་དང་། སློབ་ཁྲིད་རྩལ་ནུས་མཐོར་འདེགས་སུ་གཏོང་བར་རྩ་འཛུགས་བྱས་པ་དང་། བསླབ་གཞིར་གོ་བ་ལོན་པ་དང་གདེང་ཚོད་ཡོད་པར་བྱས། སློབ་གསོ་བཅོས་སྒྱུར་དང་མུ་མཐུད་དུ་འཕེལ་རྒྱས་སྐུལ་འདེད་གཏོང་བ་དང་བསྟུན། སློབ་ཁྲིད་ཞིབ་འཇུག་གི་ནུས་པ་ལའང་མུ་མཐུད་དུ་འགྱུར་ལྡོག་བྱུང་། ཁེར་རྐྱང་གི་སློབ་ཁྲིད་ཞིབ་འཇུག་ནས་སློབ་དེབ་ཀྱི་ཁྲིད་ཐབས་མཛུབ་སྟོན་དུ་བྱས་ཏེ། ཡང་བསྐྱར་རྒྱུགས་གཞི་གདེང་འཇོག་གམ་བསླབ་འབྲས་ཚད་ལེན་དང་། ཡང་ན་བསླབ་ཚན་གསར་བ་བཅོས་སྒྱུར་བྱས་རྗེས་ཀྱི་སློབ་ཐུན་འཛུགས་སྐྲུན་དང་། དགེ་རྒན་ཟབ་སྦྱོང་། སློབ་ཁྲིད་མཛུབ་སྟོན། རྒྱུགས་གཞི་གདེང་འཇོག་སོགས་ལ་སློབ་གསོ་ཞིབ་འཇུག་གིས་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་གྱི་བརྒྱུད་རིམ་ཁྲོད་ཧ་ཅང་གལ་ཆེན་གྱི་བྱེད་ནུས་འདྲ་མཚུངས་སུ་འདོན་དགོས།gS2

ལག་ལེན་ལས་གསལ་བོར་བསྟན་དོན། ས་ཆ་ཞིག་གམ་སློབ་གྲྭ་ཞིག་ལ་སློབ་གསོ་ཞིབ་འཇུག་གིས་གཙིགས་ཆེན་བྱས་ན། ས་ཆའམ་སློབ་གྲྭ་འདིའི་བསླབ་འབྲས་རྒྱུ་སྤུས་བཟང་བར་འགྱུར། ཁྱད་པར་དུ་བསླབ་ཚན་གསར་བ་བཅོས་སྒྱུར་བྱས་པ་སྐུལ་འདེད་བྱེད་པའི་བརྒྱུད་རིམ་ཁྲོད། ས་ཆ་མང་པོ་ཞིག་ཏུ་ལག་ལེན་ལས་གསལ་བོར་བསྟན་དོན། སློབ་གསོ་ཞིབ་འཇུག་ལ་ནུས་པ་ཡོད་པ་ན། བསླབ་ཚན་གསར་བ་བཅོས་སྒྱུར་སྐུལ་འདེད་བྱས་པ་བདེ་བླག་ཡིན་པ་དང་། ཡང་ན་སློབ་གསོ་ཞིབ་འཇུག་ཉམས་ཞན་ཡིན་ཚེ། བསླབ་ཚན་གསར་བ་བཅོས་སྒྱུར་སྐུལ་འདེད་ལ་འཕེལ་འགྲིབ་ཀྱི་ནོར་འཁྲུལ་སྣ་མང་འབྱུང་བ་རེད།gS2

ས་ཁོངས་སློབ་གསོ་འཕེལ་རྒྱས་ཀྱི་ཟུར་ཚད་ནས་བཤད་ན།  སློབ་གསོ་ཞིབ་འཇུག་རྩ་འཛུགས་ཆ་ཚང་བ་ཞིག་དང་སློབ་གསོ་ཞིབ་འཇུག་པའི་དཔུང་ཁག་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས།  སློབ་གསོ་ཞིབ་འཇུག་གི་ནུས་པ་དང་བྱེད་ལས་འདོན་སྤེལ་བྱས་ཏེ་ས་ཁོངས་སློབ་གསོ་ཆུ་ཚད་ལ་ཁག་ཐེག་གལ་ཆེན་བྱེད་ཐུབ་དགོས། བསླབ་པ་ཁོ་ན་བྱས་ཏེ་ཞིབ་འཇུག་མ་བྱས་ན་གཏིང་མི་ཟབ། ཞིབ་འཇུག་ཁོ་ན་བྱས་ཏེ་བསླབ་པ་མི་བྱེད་ན་སྟོང་བ་ཡིན་པས། དགེ་རྒན་ལ་ཁ་གཏད་དེ་བརྗོད་ན། སློབ་གྲྭའི་སློབ་དེབ་སློབ་གསོ་ཞིབ་འཇུག་གམ་ས་ཁོངས་སྣ་མང་སྣེ་ཁྲིད་ཀྱི་སློབ་གསོ་ཞིབ་འཇུག་གི་བྱ་འགུལ་བརྒྱུད། དགེ་རྒན་གྱི་སློབ་གསོ་འཚོ་བའི་ཁྲོད་དུ་ཞིབ་འཇུག་གི་གྲུབ་ཆ་བསྣན་ནས། ཞིབ་འཇུག་རིགས་ཤིག་གི་རྣམ་པར་བསྒྱུར་ཏེ། ཞིབ་འཇུག་གི་ཁྲོད་ནས་ཕྱིར་རྟོག་བསམ་གཞིག་གཏོང་བ་དང་། ཞིབ་འཇུག་གི་ཁྲོད་ནས་བཅོས་སྒྱུར། ཞིབ་འཇུག་གི་ཁྲོད་ནས་བྲོ་བ་མྱངས་བར་བྱས་ཏེ་དགེ་རྒན་ལས་རིགས་ཀྱི་དོན་སྙིང་འདོན་དགོས་པ་མ་ཟད། དགེ་རྒན་གྱི་ནང་སེམས་ཀྱི་དོན་སྙིང་ཚོར་བ་ཕྱི་རུ་འཕྱུར་དུ་འཇུག་དགོས། རང་ཉིད་འཕེལ་རྒྱས་ཀྱི་ནང་སེམས་ལ་སྒུལ་ཤུགས་ཡོད་ན། འདིའང་དགེ་རྒན་མི་སྒེར་རང་ཉིད་འཚར་ལོངས་འབྱུང་བར་སྐུལ་འདེད་དང་། ཆེད་ལས་ཆུ་ཚད་མཐོར་འདེགས་གཏོང་བར་ཆེས་ནུས་པ་ཐོན་པའི་བརྒྱུད་ལམ་ཞིག་ཡིན།gS2

གནའ་བོའི་ཞི་ལའི་དངོས་ལུགས་རིག་པ་བ་ཨ་ཅི་མུས་ཏེ་ཡིས་གསུངས་རྒྱུར། ང་ལ་འདེགས་རྟེན་ཞིག་གནོང་དང་།  ངས་སའི་གོ་ལ་ཡར་འགྱོགས་ཐུབ་ཟེར། དེང་སྐབས། སློབ་གསོ་འཕེལ་རྒྱས་ཆུ་ཚད་རྗེས་ལུས་ཡིན་པའི་ས་ཁུལ་འགའ་ཤས་དང་། ཁྱད་པར་དུ་མི་རིགས་ས་ཁུལ་གྱི་སློབ་གསོ་ནི་ཕྱི་རྐྱེན་འཕེལ་རྒྱས་ནས་ནང་རྐྱེན་འཕེལ་རྒྱས་སུ་བསྙེགས་པའི་དཀྱོགས་མཚམས་ཀྱི་དུས་སྐབས་གལ་ཆེན་ཞིག་རེད།  སློབ་གསོ་ཞིབ་འཇུག་གིས་སྣ་སྒོ་མོ་ནས་སློབ་གསོའི་སློབ་ཁྲིད་བྱ་བར་མཐོང་ཆེན་བྱས་ན། དོན་ངོ་མའི་སློབ་གསོ་ཞིབ་འཇུག་གི་ནུས་པ་འདོན་ཐུབ་པ་དང་། ང་ཚོའི་རིམ་གྱིས་རྟོགས་ཐུབ་པ་ནི། སློབ་གསོ་ཞིབ་འཇུག་གིས་སློབ་གྲྭ་དེ་བསྒུལ་ཆོག་པ་མ་ཟད། ཐ་ན་ས་ཁུལ་གྱི་སློབ་གསོ་རྒྱུ་སྤུས་མཐོར་འདེགས་གཏོང་བའི་འདེགས་རྟེན་ཡང་བྱས་ཆོག་གོ།gS2

ལེས་གཅན་རྣམ་ཐར་ནས་སྤྱི་ལོ2017ལོའི༼   ཀྲུང་གོའི་མི་རིགས་སློབ་གསོ ༽  དུས་དེབ6པའི་སྟེང་ནས་བསྒྱུར།gS2

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།