༄༅།། དཔའ་རིས་སངས་རྒྱས་ལགས་ཀྱིས་དཔེ་ཁྲིད་གནང་།
སྤེལ་དུས།  2017-11-11  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་ནང་བསྟན་སློབ་གླིང་།   རྩོམ་པ་པོ། མཚོ་སྔོན་ནང་བསྟན་སློབ་གླིང་།   རྩོམ་སྒྲིག་པ། lobsang

640.webp.jpgUdZ

དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ཀྱིས་མཚོ་སྔོན་ནང་བསྟན་སློབ་གླིང་དུ་དཔེ་ཁྲིད་གནང་བཞིན་པ།UdZ

  640.webp (1).jpgUdZ

ཟླ10པའི་ཚེས23ཉིན་ནས་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ལགས་ཀྱིས་སྐུ་ངལ་ལ་མ་འཛེམ་པར་མཚོ་སྔོན་ནང་བསྟན་སློབ་གླིང་དུ་བོད་ཀྱི་སྡེབ་སྦྱོར་རིག་པའི་སྐོར་ནས་ཉིན་རེར་དུས་ཚོད་གཉིས་ཀྱི་རིང་ལ་ཆད་མེད་དུ་དཔེ་ཁྲིད་གནང་པས། དགེ་སློབ་རྣམས་ཀྱི་དགའ་བསུ་ཐོབ།།UdZ

640.webp (2).jpgUdZ

ཁོང་གིས་སྔ་རྗེས་སུ་དག་ཡིག་གབ་པ་མངོན་ཕྱུང་ལས་སྡེ་ཚན་བརྒྱད་པ་སྟེ། བྱ་བ་རིགས་གསུམ་དཔྱད་པ་རྟགས་འཇུག་གི་ཟུར་རྒྱན་དང་། སྡེ་ཚན་བཅུ་གཅིག་པ་སྟེ། རྗེས་འཇུག་ན་དང་ད་ཡི་ཐུན་མོང་མ་ཡིན་པའི་འཇུག་པ་གསེར་གྱི་ཞུན་ཐིགས། སྡེ་ཚན་བཅུ་དྲུག་པ་སྟེ། མིང་གི་སྡེབ་སྦྱོར་མཁས་པའི་རྣ་རྒྱན་སོགས་ཀྱི་དཔེ་ཁྲིད་གནང་།UdZ

640.webp (3).jpgUdZ

གཞན་ཡང་བརྡ་སྤྲོད་སྦྱོར་བ་རྣམ་བཞི་ལས་ལེའུ་བཞི་བ་སྟེ།ཚིག་གི་སྦྱོར་ཚུལ་སྐོར་རང་གི་མྱོང་བའི་སྟེང་ནས་དཔེ་ཁྲིད་གནང་།UdZ

640.webp (4).jpgUdZ

ཁོང་གིས་མི་ཚེ་འདིར་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་སློབ་གསོ་བྱ་བར་མཛད་རྗེས་མི་དམན་པ་བཞག མཐར་ཁོང་གི་སྐུ་ཁམས་བདེ་ཞིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།UdZ

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།