༄༅།། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་སྐབས་གཉིས་པའི་རིག་གཞུང་འཆད་ཁྲིད།
སྤེལ་དུས།  2017-11-15  རྡེབ་ཚད།   ཡོང་ཁུངས། གཅན་ཚ་རྫོང་མི་རིགས་སློབ་འབྲིང་།  རྩོམ་པ་པོ། དབང་གྲགས།   རྩོམ་སྒྲིག་པ། lobsang

1.jpgFzC

སློབ་གསོའི་སྲོག་ཤིང་ནི་དགེ་རྒན་ཡིན་ལ། ཤེས་ཡོན་ལྡན་ཞིང་ལྷག་བསམ་དག་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་སྐྱེད་སྲིང་བྱེད་པ་ནི་སློབ་གསོའི་སྣེ་ཁྲིད་པའི་འཇོན་ནུས་ངོ་མ་དེའོ།། ཕྱོགས་སུ་མ་ལྷུང་བ་དང་རིས་སུ་མ་ཆད་པར་བོད་རང་གི་ཐུན་མིན་རིག་གནས་ཀྱི་ཤེས་རྒྱུད་གཏམས་པའི་བོད་ཡིག་དགེ་རྒན་གསོ་སྐྱོང་གི་ལས་ལ་དམིགས་ཏེ་རང་སློབ་གྲྭའི་སློབ་གཙོ་རྒྱ་མཚོའི་དབུ་ཁྲིད་འོག་ལ་མོ་བདེ་ཆེན་དགོན་པའི་རྡོ་རམས་པ་ཨ་ཁུ་དར་རྒྱས་མཆོག་གདན་འདྲེན་ཞུས་ཏེ་ཟླ་འདིའི་ཚེས་གསུམ་ཉིན་ནས་བཟུང་དུས་ཡུན་ཉིན་བཅུ་ཙམ་གྱི་རིང་ལ་ཚད་མ་གཙོས་བོད་ཀྱི་རིག་གནས་སྤྱི་དང་། མི་གཞི་ཀུན་སྤྱོད། གཞན་ཕན་གྱི་བློ་གྲོས་སོགས་དཀྱིལ་སྙིང་དུ་བཟུང་ནས་དཔེ་ཁྲིད་གནང་བ་དང་། བོད་ཡིག་དགེ་རྒན་རྣམས་ཀྱིས་ངལ་བ་ཁྱད་དུ་བསད་ཅིང་བརྩོན་པ་ལྷུར་ལེན་སྒོས་ཉིན་གུང་གི་དུས་ཚོད་གསུམ་གྱི་རིང་ལ་ཤེས་བྱའི་བདུད་རྩི་ངོམས་མེད་དུ་འཐུང་བཞིན་པའོ།།FzC

2.jpgFzC

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།