༄༅།། མདོ་ལ་རྫོང་མི་རིགས་སློབ་ཆུང་གིས་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ།
སྤེལ་དུས།  2017-12-01  རྡེབ་ཚད།   ཡོང་ཁུངས། མདོ་ལ་བོད་ཡིག་ཚགས་པར་ཁང་།  རྩོམ་པ་པོ། ནང་དོན་མཁོ་སྤྲོད་བྱེད་མཁན་པདྨ་དོན་གྲུབ།  རྩོམ་སྒྲིག་པ། lobsang

640.webp (2).jpgxHz

མདོ་ལ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས༼   ལང་ཚོའི་གདངས་དབྱངས༽  ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་བོ་སྤེལ།xHz

640.webp (3).jpgxHz

སློབ་མ་རྣམས་ཀྱིས་བོད་སྐད་ཡིག་སྦྱང་བའི་འདུན་པ་ཆེར་བསྐྱེད་དང་།སྦྱོར་ཀློག་གི་ནུས་པ་ཇེ་བཟང་། བོད་སྐད་ཡིག་གི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་བར་དམིགས་ནས་སྤྱི་ལོ2017ལོའི་ཟླ11པའི་ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད14:30--16:00བར་ལ་མདོ་ལ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སྐད་ཡིག་སློབ་དཔྱོད་ཁང་གིས་ཆེད་དུ་སློབ་མ་རྣམས་ལ་སྨྲ་ལྕེའི་འཇོན་ནུས་མངོན་པའི་གར་སྟེགས་ཤིག་བཀོད་སྒྲིག་བྱས་པ་སྟེ།མདོ་ལ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས༼ལང་ཚོའི་གདངས་དབྱངས༽ ཞེས་པའི་སྐབས་དང་པོའི་སྙན་ངག་གྱེར་འདོན་གྱི་འགྲན་སྡུར་སློབ་གྲྭའི་སྐས་རིམ་སློབ་ཁང་ནས་སྤེལ། xHz

640.webp (4).jpgxHz

xHz

xHz

xHz

xHz

xHz

xHz

ཐེངས་འདིའི་འགྲན་སྡུར་ནི་གཙོ་བོ་ལོ་རིམ་གསུམ་པ་ནས་ལོ་རིམ་དྲུག་པའི་བར་གྱི་འཛིན་གྲྭ་བཞི་ནས་སློབ་མ14འགྲན་སྡུར་ལ་ཞུགས་པ་དང་སློབ་གྲྭའི་དགེ་སློབ340ལྷག་བྱ་འགུལ་ལ་ཞུགས། དཔྱད་འདེམས་པ་དགུ་བཀོད་སྒྲིག་བྱས་ཏེ་འདྲ་མཉམ་དང་དྲང་བདེན་གཙོ་བོར་བཟུང་ནས་འགྲན་ཞུགས་པ་རེ་རེའི་ལུས་ཀྱི་ཉམས་འགྱུར་དང་སྨྲ་སྒོའི་དག་ཆ།སྐད་ཆའི་སྒྱུ་རྩལ་ལ་གཞིགས་ནས་སྐར་མ་ཕྱིན་པ་དང་ཐེངས་འདིའི་སྐར་མ་སྟེར་སྟངས་ནི་ཆེས་མཐོ་བའི་སྐར་གྲངས་དང་ཆེས་དམའ་བའི་སྐར་གྲངས་ཕུད་རྗེས་ཆ་སྙོམས་ཀྱི་སྐར་གྲངས་ལྟར་ཨང་རིམ་དགར་ཏེ་བྱ་དགའ་བསྩལ། xHz

xHz

xHz

xHz

xHz

xHz

ཐེངས་འདིའི་བྱ་འགུལ་ཁྲོད་ཕུལ་བྱུང་བྱ་དགའ་བརྒྱད་དང་བྱ་དགའ་ཨང་གསུམ་པ་གསུམ། ཨང་གཉིས་པ་གཉིས། ཨང་དང་པོ་གཅིག་བཅས་སློབ་མ་རེ་རེར་གཟེངས་བསྟོད་དཔང་ཡིག་ལས་གཞན་ད་དུང་བྱ་དགའི་རིམ་པ་ལྟར་དཔེ་ཁུག་དང་འབྲི་དེབ། ཞ་སྨྱུག་སོགས་སློབ་སྦྱོང་གི་ཡོ་བྱད་ཀྱང་ཕྱིན་ཡོད།     མཇུག་མཐར་སློབ་གྲྭའི་དགེ་རྒན་པདྨ་དོན་གྲུབ་ཀྱིས་སྤྱི་སྡོམ་བྱས་ཏེ་ཐེངས་འདིའི་བྱ་འགུལ་ཡོངས་སུ་མཇུག་རྫོགས།xHz

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།