༄༅།། ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས་པར་དུ་བསྐྲུན་པ།
སྤེལ་དུས།  2017-11-05  རྡེབ་ཚད།   ཡོང་ཁུངས། ཧི་མ་ལ་ཡའི་བོན།  རྩོམ་པ་པོ། བཙན་ལྷ་ངག་དབང་ཚུལ་ཁྲིམས།  རྩོམ་སྒྲིག་པ། lobsang

མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་ནས་བསྒྲིགས་པའི་《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ།u2f

1.jpgu2f

རྒྱལ་མོ་རོང་གི་ལོ་རྒྱུས་རིག་གནས་སོགས། །u2f

ཇི་ལྟར་བྱུང་བའི་ལེགས་བཤད་གཏམ་བུ་ར། །u2f

སྐལ་བཟང་རྣ་བར་འཇེབས་ལས་ཡིད་ཆེས་ཀྱི། །u2f

ངེས་ཤེས་འདྲེན་པའི་ཕོ་ཉར་འགྱུར་ལ་རེ། །u2f

ཚུལ་འདི་ལོ་རྒྱུས་ཆེད་གཉེར་མཁས་རྣམས་ལས། །u2f

བླུན་རྨོངས་ཐ་ཤལ་བདག་འདྲའི་ཁུར་མིན་ཀྱང་། །u2f

གནའ་བོའི་ལོ་རྒྱུས་དབྱིངས་སུ་ཡལ་དོགས་ནས། །u2f

ཤེས་ཚོར་གསོང་པོར་སྨྲ་ལ་འགལ་བ་ཅི། །u2f

དེ་ཡང་《རྒྱལ་རོང་ལོ་རྒྱུས་དང་རིག་གནས》དཔེ་ཚོགས་པར་དུ་སྐྲུན་ཡོད་པའི་སྐབས་འདིར།རྒྱལ་མོ་རོང་གི་སྔོན་རབས་ཀྱི་བྱུང་བ་དང་རིག་གནས་དར་ཚུལ་སྐོར་གྱི་གནད་དོན་རེ་གཉིས་གསལ་བཤད་ཀྱི་ཚུལ་དུ་བརྗོད་པར་བྱ་བ་ལ།བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་གྲུ་འདིའི་མིང་དང་རྒྱ་ཁྱོན་དང་ཡུལ་སྡེ་གྲུབ་ཚུལ་དང་ལོ་རྒྱུས་དང་རིག་གནས་དར་ཚུལ་སོགས་ཀྱི་སྐོར་ནི།《མུན་སེལ་སྒྲོན་མེ》ཞེས་བྱ་བ་ལས། ཤར་རྒྱལ་མོ་ཚ་བ་རོང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་མིང་ཐོགས་དོན་ནི།བོད་ཀྱི་ཤར་ཕྱོགས་ཡིན་པས་ཤར། ལྷ་ཆེན་རྒྱལ་མོ་དམུ་རྡོའི་རི་རྒྱུད་དུ་ཡོད་པས་རྒྱལ་མོ། བོད་ཡུལ་གྱི་ཚ་བ་ཅུང་ཆེ་བའི་ས་ཡིན་པས་ཚ་བ།གྲོ་ནས་སྲན་གསུམ་ཐོན་པའི་རོང་ཁུལ་ཡིན་པས་རོང་ཞེས་གྲགས་པ་ཡིན། ཞེས་གསུངས་སོ། །རྒྱལ་མོ་རོང་གི་ཡུལ་འདིར་འགྲོ་བ་མིའི་རིགས་བྱུང་ཚུལ་ནི། བོན་བླ་འཆི་མེད་ཚེ་དབང་རིག་འཛིན་གྱི་གསུང་ལས། དེ་ཡང་ཤར་ཕྱོགས་རྒྱལ་མོ་རོང་ཆེན་གྱི། །སྦས་པའི་རོང་བཞི་ཤོད་ཆེན་བཅོ་བརྒྱད་ལས། །འགྲོ་དོན་དུས་ཀྱི་ས་རྟགས་རིམ་པ་གསུམ། །སྦས་པའི་ཡུལ་དེར་ཤིང་ཁང་ཉལ་ཉིལ་ཆགས། །རི་ཀླུང་ཀུན་ལ་མི་ཡིས་གང་བའི་ཚེ། །ཟས་སུ་རི་དྭགས་ཤ་ཁྲག་སྲོག་ལ་འཚོ། །ཞེས་གསུངས་པ་ལྟར། དང་ཐོག་མིའི་འགྲོ་བ་བྱུང་ནས་ནགས་ཁྲོད་ཀྱི་ཤིང་ཁང་ཉལ་ཉིལ་དང་རི་ལུང་གི་བྲག་སྐྱིབས་སོགས་སུ་བསྡད། ཟས་ནི་རི་སྐྱེ་ལྡུམ་བུ་དང་རི་དྭགས་སོགས་བརྔོན་ནས་འཚོ་བ་སྐྱེལ་ཏེ་མི་ལོ་འབུམ་ཕྲག་མང་པོར་དེ་ལྟར་གནས། གདོད་མའི་མི་དེ་དག་ཞང་བོད་ཀྱི་རིགས་རུས་ཀྱི་ཕྱི་མོ་རྩ་བའི་རུས་ཆེན་བཞི་དང་། མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་ཅི་རིགས་སུ་གཏོགས་པ་ནི། 《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ》ལས། ཚ་ཆུའི་རྒྱུད་དུ་བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་དུ་བསྔགས་པའི་རྒྱལ་ས་ཡོད། རྒྱལ་རོང་རྒྱལ་ཁག་ཐམས་ཅད་ཀྱི་རུས་སྦྲ་ཡིན་པར་བཤད། རིགས་དེར་ཚ་ཁོ་རང་སྐད་ལ་ང་ཤིས་ཙ་ (ངའི་སྦྲ་ཞེས་པ་སྟེ་རོང་མིའི་ཟུར་ཆག་གི་སྐད) ཟེར། དེཡང་བོད་ཀྱི་རིགས་ལ་བསེ་རྨུ་ལྡོང་སྟོང་བཞི། རིགས་བཟང་རྣམས་ལ་སྔར་ཞང་བོ། ཕྱིས་ལྷ་རིགས་སྒོ། བསེ་རིགས་བཟང་རྣམས་ལ་བསེ་ཁྱུང་སྦྲ། འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ། །སྦྲ་དཔའ་རྩལ་ཆེ་བ་དེ་ཡི་དོན། །ཞེས་པ་ལྟར། མདོ་ཁམས་རོང་ཆེན་བཞིའི་ནང་ཚན་རྒྱལ་རོང་འགག་དོག་ས་གསུམ་སྦྲས་ཐོབ། ཅེས་གསུངས་སོ། །u2f

2.jpgu2f

དེ་ནས་ཤར་རྒྱལ་མོ་རོང་གི་ལོ་རྒྱུས་དང་རིག་གནས་འཕེལ་ཚུལ་སོགས་ཀྱི་སྐོར་ནི། རྒྱལ་རོང་གི་ཡུལ་གྲུ་འདིར་གནའ་དུས་སུ་ཞང་ཞུང་ཏ་རོག་གི་ཡུལ་དང་བོད་དབུས་གཙང་སོགས་ཀྱི་མི་ཚོགས་ཐེངས་མང་འདིར་ཡོངས་བ་ནི།དཔེར་ན། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གྱི་སྐབས་སུ་ཞང་ཞུང་བྱ་རུ་ཅན་བཅོ་བརྒྱད་ཡོད་པའི་ནང་ནས།ཏ་རོག་ཡུལ་གྱི་ལིག་ཝེར་གྱེར་གྱི་རྒྱལ་པོ་དང་།བདུལ་འདུལ་དཔལ་གྱི་རྒྱལ་པོ་གཉིས་ཀྱི་མི་ཚོགས་ཤར་རྒྱལ་མོ་རོང་དུ་བསྐྱོད་པ་་ནི། 《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང》ལས།ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱིས་ཞང་ཞུང་ཏ་རོག་ཡུལ་ནས་བདུད་འདུལ་དཔལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་ལིག་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་ཐུགས་རྒྱུད་བསྐུལ་བས་འཆད་པར།སྐྱབས་མེད་དཀོས་ཐག་པ་ཤར་རྒྱལ་མོ་རོང་གི་འགྲོ་བའི་མགོན་དུ་འབྱོན་དགོས་པར་བཀའ་སྩལ་ལོ།།ཞེས་གསུངས་པ་ལྟར་ལིག་ཝེར་གྱི་གདུང་རྒྱུད་འོད་ལྡན་མི་དཀར་ཏེ་རྗེས་སུ་ནམ་མཁའ་རྒྱལ་པོར་འབོད་པ་དེ་ཉིད་ཀྱིས་སྣེ་ཁྲིད་བྱས་ནས་ཤར་རྒྱལ་མོ་རོང་དུ་བསྐྱོད་དེ། དེ་དག་གིས་ཆུ་ཆེན་ཀ་ལིང་ཀའི་ས་ཆར་མི་འགྱུར་བརྟན་བཅུ་འཛོམས་པའི་གཡུ་རྩེ་ཕོ་བྲང་དམར་པོ་བཞེངས་ཏེ་རྒྱལ་རོང་སྤྱི་ལ་དབང་བསྒྱུར་བས། བཙན་ལྷ་རབ་བརྟན་རྒྱལ་པོ་འམ་ཤར་མི་ནུབ་རྒྱལ་པོ་ཞེས་གྲགསསོ། །ལིག་ཝེར་ནས་ཡོང་བའི་མི་རྣམས་ཕོ་བྲང་གི་ཉེ་འདབས་སུ་བཞགས་པས་ས་ཆ་དེའི་མིང་ལིག་ཝེར་ཞེས་ཐོགས་ཏེ། ད་ལྟ་ཡང་ལིག་ཝེར་ཤང་ཞེས་ཟེར། ཏ་རོག་ནས་ཡོང་བའི་བདུད་འདུལ་བྱ་རུ་ཅན་གྱི་མི་རྣམས་མངའ་ཞབས་ག་ས་གར་བཞག་ནས་ཡུལ་ཚོ་སོ་སོའི་དཔོན་བྱེད་མཁན་མང་བས་ཏ་རོག་ཞེས་པ་དཔོན་གྱི་མིང་དུ་ཆགས་ཏེ། ད་ལྟ་ཡང་དཔོན་པོ་རྣམས་ལ་ཏ་རོག་དང། རང་གི་ཐད་ཀའི་དཔོན་ལ་ང་རོ་ཞེས་འབོད་སྲོལ་ཆགས་སོ། །ཞང་ཞུང་གི་མི་ཚོགས་འདི་དག་ཡོང་བའི་དུས་སྐབས་ནི་སྤྱི་ལོའི་སྔོན་གྱི་མི་ལོ་གཉིས་སྟོང་ཡས་མས་སུ་ངེས་ཏེ། ཞང་རྒྱལ་ཁྲི་ཝེར་ནི་ད་ཕན་མི་ལོ་༣༨༦༡འདས་པའི་དུས་སུ་བྱོན་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཡིན་པའི་ཕྱིར། དེ་ཡང་《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང》ལས། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་འདས་པའི་སྔོན་རོལ་དུ་བྱུང་བའི་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར། ཞེས་གསུངས་སོ། །u2f

དེ་ནས་སྤྱི་ལོའི་སྔོན་གྱི་ལོ་གཉིས་བརྒྱ་ཡས་མས་སུ་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་སུ་ཞང་ཞུང་ཁྱུང་གི་གདུང་རྒྱུད་ཐ་ལྟག་ཁྱུང་འཕགས་ཁྲ་མོ་དང་ལྷ་སྲས་གཡུང་དྲུང་ཡབ་སྲས་ཤར་རྒྱལ་མོ་རོང་དུ་བྱོན་ཏེ་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས་ཏེ་སྲས་ཆེ་བ་ཀུན་སློང་བུ་ཙ་ཡུལ་སྐད་དུ་འཁུ་འཇོ་བུ་ཙ་ཡང་ཟེར། དེ་འོག་ཁྲོ་ཙ། དེའོག་དབང་ཙ། དེ་འོག་དགེ་ཤིས་ཙ་བཅས་གཡུང་དྲུང་བུ་བཞིར་གྲགས་པ་བྱུང་བ་ནི། 《བོན་གྱི་བསྟན་འབྱུང》ལས། ཐ་ལྟག་ཁྱུང་འཕགས་ཁྲ་མོ་ནི། །ཚེ་ཡི་རིག་འཛིན་ཆེན་པོར་གྱུར། །བོད་རྒྱལ་མང་པོའི་བླ་མཆོད་བྱས། །ཁྱད་པར་གཡུ་འབྲུག་སྔོན་མོ་ཞོན། །མདོ་སྨད་རྒྱལ་མོ་རོང་དུ་བྱོན། །ལྷ་མོ་མདངས་ལྡན་ཁབས་སུ་བཞེས། །དབུ་འབོར་གཡུང་དྲུང་བུ་བཞི་སོགས། །གྲོལ་ཏེ་བོན་སྲིད་རྒྱལ་སྲིད་སྤེལ། །ཞེས་གསུངས་སོ། །ཞིབ་ཕྲ་《དམ་པ་ཁྱུང་གི་གདུང་རྒྱུད་ཤེལ་དཀར་མེ་ལོང་》ལས་གསལ་བས་དེར་གཟིགས།u2f

དེ་ལྟར་རྒྱལ་མོ་རོང་དུ་ཞང་ཞུང་གི་མི་རྒྱུད་འབོར་ཆེན་ཐེངས་དུ་མ་ཐོན་པ་དང་། དེ་རྣམས་ཀྱིས་རང་ཉིད་ལ་ཀུ་རུའི་མི་ཟེར། ཀུ་རུ་ཞེས་པ་ནི་ཞང་ཞུང་སྐད་དུ་གནས་སྤོར་བའི་དོན་དེ། བོན་གྱི་《ཁམས་ཆེན་སྟོང་ཕྲག་བརྒྱ་པའི་དཀར་ཆག》ལས། ཀུ་རུ་ཞེས་པ་འབྱོ་བའམ་གནས་སྤོར་པའོ། །ཞེས་སོ། །ཕྱིས་སུ་རྒྱལ་རོང་བོད་མི་རྣམས་ཀྱིས་ཀྱང་རང་ཉིད་ལ་ཀུ་རུ་ཞེས་ཟེར་ཏེ། དཔེར་ན་། རྒྱ་མི་དང་བོད་མི་ཞེས་པར་ཁེ་པ་དང་ཀུ་རུ་ཟེར་བ་ལྟ་བུའོ། །རྒྱ་མི་ལ་ཁེ་པ་ཟེར་བ་ནི་དང་ཐོག་འཕྲད་པའི་རྒྱ་མི་ཕལ་ཆེར་ཚོང་པ་ཁེ་ཟ་མཁན་ཡིན་པས་ན་མིང་དེ་ལྟར་བཏགས་པར་མངོན།u2f

དེ་ནས་སྤྱི་ལོ་དུས་རབས་བདུན་པར་སྤུ་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་དབུས་གཙང་གི་དམག་དཔུང་འབོར་ཆེན་ཐེངས་དུ་མ་འདི་ཕྱོགས་སུ་དྲངས་པ་ནི། 《ཐང་ཡིག་རྙིང་མ》ལས། དེ་ནས་བྷོད་དམག་ཁྲི་ཚོ་ཉི་ཤུ་ལྷག་སུང་ཀྲེའུ་ཡི་ནུབ་ཕྱོགས་སུ་སྒར་བཏབ། བྷོད་ནས་ཕོ་ཉ་བ་མངགས་ཏེ་་གསེར་དང་རྒྱུ་ནོར་ཁྱེར་ནས་ཀོང་ཇོ་སློང་བ་ཡིན་ཟེར་ཞིང་། ཞེས་དང་། 《བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང》ལས། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མངའ་ཐང་རབ་ཏུ་རྒྱས་ནས་བོད་དམག་འབུམ་ཕྲག་དུ་མ་འདི་ཕྱོགས་སུ་དྲངས་ཞིང་མཐའ་མཚམས་སྲུང་བའི་བོད་དམག་འབུམ་ཕྲག་དུ་མ་གཏན་སྡོད་བྱེད་པའི་ས་གནས་བཙུགས། དེའི་དུས་སུ་མཐའ་མཚམས་སྲུང་བའི་དམག་མི་གཏན་སྡོད་བྱེད་པའི་བོད་མི་ཁག་གཅིག་ནི་རྒྱལ་མོ་ཚ་བ་རོང་གི་ས་གནས་ཀྱི་ཚ་ཁོ་ཞེས་གྲགས་པའི་བོད་མི་འདི་དག་ཡིན་ཏེ་ཕྱིས་སུ་རྒྱལ་ཕྲན་བཅོ་བརྒྱད་དུ་གྱེས་པ་ནི་བཀན་ཤན་ཡན་གྱི་ལུང་དགུ་འམ་མདོ་གླིང་རྒྱལ་པོ་ནས་ཁམས་ཀྱི་ལྕགས་ལ་རྒྱལ་པོའི་བར་གྱི་རྒྱལ་ཕྲན་རྣམས་ཡིན། ཞེས་གསུངས་སོ། །u2f

དེ་ནས་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཞང་ཞུང་གི་རྒྱལ་རབས་ཉམས་དམས་སུ་གྱུར་པ་དང་བོད་ཀྱི་བཙན་པོ་རྒྱལ་རབས་ཀྱི་སྟོབས་ཤུགས་ཆེས་ཆེར་སོང་བས་ཞང་རྒྱལ་སྐབས་ཀྱི་བཙན་ལྷ་རབ་བརྟན་རྒྱལ་པོའི་མངའ་དབང་ཇེ་ཆུང་དུ་གྱུར། བཙན་པོས་བོད་ཀྱི་བློན་པོ་ཁོ་འཕན་ཚེ་དབང་མགོན་པོ་དང་། རབ་བརྟན་རྒྱལ་པོའི་གདུང་རྒྱུད་རྫོང་འགག་སྲིབ་ངོར་ཟུར་བཞུགས་བྱས་མཁན་མདོ་མགོན་རྒྱལ་ནག་པོ་གཉིས་རྒྱལ་རོང་ས་ཁུལ་གྱི་སྤྱི་ཁྱབ་དཔོན་དུ་བསྐོ་བཞག་བྱས་ཏེ། དེ་གཉིས་ཀྱི་བསྡུས་མིང་ལ་འཕན་བཞེར་དང་མདོ་བཞེར་ཞེས་བརྗོད། བཞེར་ཞེས་པ་ནི་གནའ་དུས་སུ་སྤྱི་ཁྱབ་དཔོན་གྱི་གོ་གནས་ཀྱི་མིང་ཡིན་པ་ཏུན་ཧོང་གཏེར་ཡིག་སོགས་སུ་གསལ། བཙན་པོའི་ཆབ་ཤོག་གི་ཁ་བྱང་ལ་རྒྱལ་མོ་ཚ་བ་རོང་གི་ཁོ་འཕན་ལ་ཞེས་པ་དང་། ཚིག་བསྡུས་དེ་ཁོ་འཕན་ལ་ཞེས་པ་བྱུང་བས་ཡུལ་གྱི་མིང་ཡང་ཚ་ཁོ་རུ་ཐོགས་པ་ནི།《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ》ལས། མདོ་ཁམས་རོང་ཆེན་བཞིའི་ནང་ཚན་རྒྱལ་རོང་འགག་དོག་ས་གསུམ་སྦྲས་ཐོབ། ཡུལ་དེར་སྔོན་རྒྱལ་པོ་མདོ་བཞེར་ནག་པོ་བྱུང་དུས་བེེ་རོ་ཙ་ན་ཕེབས། དེའི་སློབ་མ་གཡུ་སྒྲ་སྙིང་པོ་ཡང་ཚ་ཁོ། ཚིག་བསྡུས་པའི་དབང་གིས་མདོ་བཞེར་ནག་པོའི་རིགས་ལ་རྒྱལ་ནག་གདུང་རྒྱུད། ཞང་ཞུང་སྦྲ་རྒྱལ་ལ་ཞང་རྒྱལ་རྒྱུད་དང་། ཚ་རོང་རྒྱལ་པོ་ཁོ་འཕན་དུ་གྲགས་པ་བྱུང་བས་དེ་ལ་ཚ་ཁོ་ཟེར་བ་བྱུང་། ཞེས་དང་། 《རིན་ཆེན་གཏེར་མཛོད》ལས། རྒྱལ་མོ་ཚ་བ་རོང་གི་འཕན་བཞེར་དབང་ཆེན་རྒྱལ་པོ་ཚེ་དབང་མགོན་པོ་ལ་བཙུན་མོ་བདུན་དང་། ཕྱི་བློན་དང་ནང་བློན་བཅུ་ཡོད་ཀྱང་སྲས་མེད། མདོ་བཞེར་ལ་སྲས་གཉིས་བྱུང་བའི་ཆེ་བ་ལྕགས་མགོན་ཁྲི་དཔོན་ལ་འཕན་བཞེར་གྱིས་རྒྱལ་སྲིད་གཏད། ཅེས་གསུངས་སོ། །དེ་ལྟར་ཚ་ཁོ་རྒྱལ་པོའི་གདུང་རབས་མང་པོ་སོང་རྗེས། སྤྱི་ལོའི་དུས་རབས་བཅུ་གཉིས་ཡས་མས་ནས་གདུང་རྒྱུད་ཆད་དེ། དེ་ནས་བཟུང་རྒྱལ་རོང་ཡུལ་དུ་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་གྱུར་ཏེ།སིལ་བུར་འཐོར་བའི་འགོ་འཛུགས་སོ། །u2f

དེ་ནས་རྒྱལ་རོང་ཚ་ཁོའི་བློན་འབངས་ཚོས་ཚ་ཁོ་རྒྱལ་པོར་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ཅིག་གདན་དྲངས་རྒྱུར་ཁ་འཆམ་སྟེ་རྡོ་ཁོག་གི་རྡོའི་ཤུག་ཆེན་གྱི་རྡོའི་སྟག་མོ་ངུར་རྫོང་ནས་གཉའ་ཁྲི་བཙན་པོའི་གདུང་རྒྱུད་མདའ་དར་དཀོན་མཆོག་སྐྱབས་ཞེས་པ་དེ་ཉིད་གདན་དྲངས་པའི་ཚུལ་ནི།《ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ》ལས། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སུམ་ཅུ་སོ་དྲུག་པ་འདུས་སྲོང་མང་པོ་རྗེ་རླུང་རྣམ་འཕྲུལ་གྱི་རྒྱལ་པོའམ་ལྕེ་ཞེས་གྲགས་པ་དེའི་རིགས་ལས་ཆད་པ་ནི་མདོ་ཁམས་སྨད་ཀྱི་ཆར་གཏོགས་རྡོའི་ཤུགས་ཆེན་གྱི་ཕ་བོང་རྡོའི་སྟག་མོ་ངུར་རྫོང་དུ་རྒྱལ་ཁབ་བྱ་མཁན་ལྷུ་བཞེར་མགོན་རྒྱལ་ནག་པོ་ཞེས་པ་དེ་ཡིན་ཞིང་། དེའི་རྒྱུད་པ་སྟག་ཐོག་གོང་རྒྱལ་ནི་རྟ་ནག་གི་བསྲུང་ཁྲ་བརྒྱན་པ་དང་། གཟུགས་ཆས་ཀྱི་གོས་བཀྲ་བའི་སྦྲ་ནག་དགུ་སྟོང་ཡན་གྱི་བདག་པོར་གྲགས་པ་དང་། དེའི་རྒྱུད་པ་མདའ་དར་དཀོན་མཆོག་སྐྱབས་ནི་ཤར་ལུང་ཆེན་བཅོ་བརྒྱད་ཁྲི་སྐོར་བཅུ་གཉིས་ཀྱི་བདག་པོར་གྱུར།ཞེས་གསུངས་སོ། །མདའ་དར་དཀོན་མཆོག་སྐྱབས་ཞེས་པ་ཁ་སྐད་དུ་ད་ར་དཀོན་མཆོག་སྐྱབས་ཟེར། དེ་ཉིད་རོང་ཁུལ་ས་དོག་སར་བཞུགས་མ་འདོད་པས་རོང་མ་འབྲོག་གི་ས་ཆ་ཟངས་དཀར་ལྷ་རྒྱལ་གླིང་དུ་རྒྱལ་ས་བཅས་ནས་བཞུགས། དེའི་སྲས་ཚེ་མགོན་ལེགས་པས་སོ་མང་དུ་རྒྱལ་ས་སྤོར་བས་སོ་མང་རྒྱལ་པོ་ཞེས་པ་བྱུང་ཞིང་། རིམ་གྱིས་ཚ་བ་ཁག་གསུམ་མམ་བཞིར་གྲོལ་ལོ། །u2f

དེ་ལྟར་སྟོན་པ་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་རྒྱལ་ཁྲི་ཝེར་གྱི་སྐབས་སུ་ཞང་ཞུང་ཏ་རོག་ཡུལ་གྱི་བྱ་རུ་ཅན་གཉིས་ཀྱི་མི་ཚོགས་རྒྱལ་རོང་དུ་ཐོན་པ་ནས་བཟུང་རྒྱལ་མོ་རོང་དུ་གཡུང་དྲུང་བོན་གྱི་ཆོས་དར་འགོ་ཚུགས་ཤིང་། བན་དེའི་ཆོས་ཀྱང་བསྟན་པ་སྔ་དར་གྱི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཆེན་བེེ་རོ་ཙ་ན་རྒྱལ་རོང་དུ་ཕེབས་པ་ནས་བཟུང་དར་འགོ་ཚུགས། ཁྱད་པར་དུ་བེེ་རོ་ཙ་ནས་གསང་སྔགས་རྙིང་མའི་ཆོས་ཀྱི་སྙིང་པོ་མན་ངག་རྫོགས་པ་ཆེན་པོ་ཐོག་མར་རྒྱལ་མོ་རོང་དུ་དར་བར་མཛད་པས་རྫོགས་པ་ཆེན་པོ་དར་བའི་ཡུལ་དང་པོ་མདོ་ཁམས་རྒྱལ་མོ་རོང་ནས་ཡིན་པར་གྲགས་སོ། །གཞན་ཡང་《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ》ལས། རྒྱལ་རོང་ཕྱོགས་འདི་རྒྱ་ཆེ་ཞིང་མི་རྣམས་བློ་རྣོ་བས་དགེ་བཤེས་ཐོན་པ་མང་། ཞེས་གསུངས་པ་ལྟར་ཡུལ་འདིར་བོན་བན་གྱི་མཁས་གྲུབ་མང་པོ་བྱུང་སྟེ། དཔེར་ན་། རྗེ་འབངས་ཉེར་ལྔའི་ཡ་གྱལ་གཡུ་སྒྲ་སྙིང་པོ་དང་། རོང་སྟོན་སྨྲ་བའི་སེང་གེ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ། རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན། དབུས་ཀྱི་དགའ་ལྡན་གསེར་ཁྲིར་ཕེབས་མཁན་ཡང་བཅུ་ཕྲག་ལ་ཉེ་བ་བྱུང་། དེ་དག་གི་ནང་ནས་དགའ་ལྡན་ཁྲི་ཟུར་རྒྱལ་རོང་བ་བློ་བཟང་མཁྱེན་རབ་དབང་ཕྱུག་བོད་ཀྱི་སྲིད་སྐྱོང་ལ་ཕེབས་ཏེ། བོད་ཀྱི་རྒྱལ་པོ་མཁྱེན་རབ་དབང་ཕྱུག་ཅེས་གྲགས་ཆེ་བ་དེ་སོགས་བྱུང་ངོ་། །u2f

དེ་ལྟར་སྨུག་པོ་བོད་པའི་རུས་རྒྱུད་བསྙོན་དུ་མེད་པ་ཤར་རྒྱལ་མོ་རོང་གི་མི་རྣམས་ནི་ལས་ལ་བརྩོན་ཞིང་ཁྲེལ་གཞུང་ལྡན་པ་དང་། བློ་རིག་རྣོ་ལ་དཔའ་ངར་ཆེ་བས་རྒྱལ་ཡོངས་སུ་སྙན་པའི་གྲགས་པ་འབར། ཁོ་ཚོས་ལོ་རྒྱུས་འཕེལ་རིམ་ནང་དུ་མདོ་དབུས་ཁམས་གསུམ་དུ་གནས་པའི་རང་རིགས་མི་དམངས་རྣམས་དང་ཆབས་ཅིག་འོད་སྟོང་འབར་བའི་བོད་ཀྱི་ཤེས་རིག་གསར་སྐྲུན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་བྱས་རྗེས་གསུབ་ཏུ་མེད་པ་བཞག་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་ས་ཁུལ་རང་བཞིན་གྱི་རིག་གནས་ཀྱང་བསྐྲུན་ཡོད་ལ། ཁྱད་པར་དུ་རྒྱལ་རོང་བོད་མི་ཚོས་ལོ་རྒྱུས་ཐོག་ཏུ་རང་རྒྱལ་གྱི་སྤུན་ཟླའི་མི་རིགས་གཞན་དག་དང་དཔུང་གདང་མཉམ་སྦྲེལ་གྱི་སྒོ་ནས་བཀས་བཀོད་རྒྱུད་འཛིན་གོང་མའི་ལམ་ལུགས་ལ་ངོ་རྒོལ་དང་། མེས་རྒྱལ་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་ཆེད་དུ། ཤར་ཕྱོགས་ཐའི་ཝན་རྒྱ་མཚོ་ཆེན་པོའི་བས་མཐའ་ནས་ནུབ་ཕྱོགས་བལ་པོའི་ས་མཚམས་སུ་མ་རུང་ཕྱི་དགྲའི་བཙན་འཛུལ་འགོག་རྒོལ་དུ་བསྐྱོད་དེ་དཔའ་ངར་ཆེར་བསྐྱེད་དང་རང་སྲོག་ཕར་བསྡོས་ཀྱིས་དགྲ་བོར་རྡུང་རྡེག་བཏང་སྟེ། ཁེངས་དྲེགས་རང་རློམ་ཅན་གྱི་སྡང་དགྲའི་སྙིང་རྩ་འདར་བར་བྱས་ཤིང་། དཔའ་མཛངས་རྟུལ་ཕོད་ཀྱི་སྙན་པ་འཛིན་མའི་ཁྱོན་ཀུན་ལྡིར། མེས་རྒྱལ་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་དུའང་ཁོ་ཚོས་བློ་རྩལ་དང་ནུས་ཤུགས་ཡོད་རྒུ་ལེགས་སྐྱེས་སུ་ཕུལ་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས།u2f

3.jpgu2f

རྒྱལ་རོང་ཞིབ་འཇུག་གི་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་ཤེས་ཡོན་ཅན་གྱི་སྨྱུག་རྩེ་ལས་ཐོན་པའི་དཔྱད་རྩོམ་དུ་མ་མཆིས་ན་ཡང་། དེ་དག་ལས་རྩོམ་མི་ཉུང་བ་ཞིག་ལ་ཁྱོན་ཡོངས་དང་གཏིང་ཟབ་ཀྱི་རང་བཞིན་མི་འདང་བའི་ཞན་ཆ་ཡོད་ཅིང་། ལ་ལ་ནི་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་སྐད་ཡིག་མི་ཤེས་ཤིང་། རྒྱལ་རོང་ཡུལ་སྐད་ཀྱང་མི་ཤེས་མཁན་འགའ་ཞིག་གིས་ཁུངས་མེད་ཀྱི་འཆལ་གཏམ་སྨྲ་བ། དཔེར་ན། ཞང་ཞུང་འོལ་མོ་ལུང་རིང་གི་ཡུལ་ནི་ལྷ་སའི་ནུབ་ཕྱོགས་སུ་ཡོད་པ་མ་ཡིན་པར་ལྷ་སའི་ཤར་ཕྱོགས་སུ་ཡོད་དེ། རྒྱལ་རོང་ཆུ་ཆེན་ས་ཆ་དེ་ཞང་ཞུང་འོལ་མོ་ལུང་རིང་རེད་ཟེར་བ་དང་། རྒྱལ་མོ་རོང་པའི་མི་ནི་བོད་རིགས་མ་རེད་ཟེར་བ་དང་། རྒྱལ་རོང་སྐད་བོད་སྐད་མ་རེད་ཟེར་བ་དང་། རྒྱལ་རོང་བ་ལ་སྐད་ཡོད་པ་མ་གཏོགས་ཡི་གེ་མེད་ཟེར་བ་ལྟ་བུ་དུ་མ་སྣང་ངོ་། །དེ་འདྲ་བའི་ལོག་སྨྲ་བྱེད་པའི་མཁས་རློམ་ཅན་དག་ལ་རྒྱུ་མཚན་ཡང་དག་འགའ་ཞིག་མ་མཐོང་གསལ་བྱེད་དང་། གསལ་བ་གོམས་བྱེད་ཀྱི་རྒྱུ་རུ་དམིགས་ནས་ང་ཚོས་རྒྱལ་རོང་ལོ་རྒྱུས་རིག་གནས་དཔེ་ཚོགས་ཞེས་པའི་པོད་ཕྲེང་ཞིག་སྡུད་སྒྲིག་བྱ་རྒྱུའི་གྲོས་སྡུར་བྱས་པར་རྔ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་སེང་གེ་འབུམ་མམ་དབྱང་ཧའེ་ཆིན་དང་།རྔ་ཁུལ་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་དབང་།ཁུལ་དམངས་ཆེན་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཅན།དཀར་མཛེས་ཁུལ་གཡུང་དྲུང་དར་རྒྱས་གླིང་གི་བླ་ཁྲི་ནམ་མཁའ་ཚུལ་ཁྲིམས་སོགས་འགོ་ཁྲིད་དང་མཁས་དབང་མང་པོས་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་སྒོས་འབད་འབུང་ཅི་རིགས་གནང་བ་ཐུགས་རྗེ་ཆེ་ཞིང་། མ་གཞི་རྒྱལ་རོང་གི་གནའ་བོའི་མེས་པོ་གོང་མ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་བསྐྲུན་པའི་རྒྱལ་རོང་ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་རི་བོའི་གཏོས་དང་མཉམ་པ་ཞིག་ཡོད་ནའང། བར་དུ་བོད་ཡོངས་སིལ་བུར་འཐོར་ཏེ། སྡེ་དཔོན་བར་གྱི་འཐབ་འཁྲུག་དང་། གྲུབ་མཐའི་ཕྱོགས་རིས་ཀྱི་སྒེར་གཅོད། ཁྱད་པར་དུ་ཡ་ང་བའི་རིག་གསར་གོད་ཆག་བཅས་ཀྱི་དབང་གིས་གནའ་བོའི་ཤེས་རིག་གི་ངོ་བོ་མཚོན་པའི་རིག་གཞུང་དང་། གནའ་མིའི་སྒྱུ་རྩལ་མཚོན་པའི་ནོར་རྫས་ཕལ་ཆེ་བ་མིང་ཙམ་ལས་མཐོང་བའི་སྐལ་བ་མེད་པར་གྱུར། དེ་ལྟ་བུའི་གནས་ཚུལ་འོག་རྔ་ཁུལ་བོད་ཀྱི་ལོ་རྒྱུས་དང་རིག་གནས་གནའ་དཔེ་ཞིབ་འཇུག་མཐུན་ཚོགས་ཀྱིས་རྒྱལ་རོང་ལོ་རྒྱུས་རིག་གནས་དཔེ་ཚོགས་བསྡུ་སྒྲིག་ཚན་ཆུང་རྩ་འཛུགས་བྱས་ནས་ལོ་ངོ་བཞིའི་རིང་ལ།རང་རིགས་ལ་ཤ་ཞེན་ཆེ་ལ་རྣམ་དཔྱོད་བཀྲ་བའི་ཤེས་ཡོན་ཅན་རྒན་ཞོན་བཅུ་ཕྲག་དུ་མས་ལས་ཞོར་དུ་དཀའ་ངལ་ལ་མ་འཛེམ་པར། གནའ་དཔེ་དམངས་ཁྲོད་དུ་ཐར་ཐོར་ལྷག་པ་རྣམས་ཐབས་སྣ་ཚོགས་ཀྱིས་བསྡུ་རུབ་བྱེད་རྒྱུའི་ལས་འགན་དང་དུ་བླངས་ཏེ་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀོད་པ་འདི་ལྟ་སྟེ། རྒྱལ་རོང་བོད་མིའི་ལོ་རྒྱུས་སྐོར་པོད་གཉིས་དང་།བོན་བན་ཆོས་ལུགས་དར་ཚུལ་སྐོར་པོད་གཅིག གནས་ཆེན་དང་དགོན་ཆེན་སྐོར་པོད་གཅིག ལོ་རྒྱུས་མི་སྣ་དང་མཁས་གྲུབ་མི་སྣ་གྲགས་ཅན་སྐོར་པོད་གསུམ། རྩིས་ཡིག་སྐོར་པོད་གཅིག སྐད་ཡིག་དང་རིག་རྩལ་སྐོར་པོད་གཅིག རྒྱལ་ཁག་བཅོ་བརྒྱད་དང་ཡིག་ཚགས་ཀྱི་སྐོར་པོད་གཅིག་བཅས་པོད་ཕྲེང་བཅུ་ཕྲག་གཅིག་ཏུ་བསྡུས་བསྒྲིགས་བྱས་ཡོད། ང་ཚོས་སྡུད་སྒྲིག་བྱས་པའི་དཔེ་ཚོགས་ཞུ་དག་བྱེད་སྐབས། གཟབ་གནན་གྱིས་སྒོ་ནས་ཚིག་དང་ཚིག་རྐང་ནོར་སོ་ཡོད་པ་ལ་ལ་དག་བཅོས་འོས་འཚམས་རེ་བྱས་ཡོད།དེ་མིན་ཡིག་ཆ་དེ་དག་ཕལ་ཆེར་གནའ་བོའི་ཡིག་རྙིང་དབུ་མེད་དང་འཁྱུག་ཡིག་གི་ལམ་ནས་བྲིས་པ་དང་།སྐུང་ཡིག་མང་བ་དང་། རྒྱལ་རོང་ཡུལ་སྐད་ཀྱི་ཐོག་ནས་བྲིས་པའི་ཡིག་རྙིང་ཡིན་པ་མ་ཟད། ཡིག་ཆ་དེ་དག་དུས་རབས་ཀྱི་འགྱུར་ལྡོག་དང་བདག་གཉེར་བས་སྦས་སྐུང་ལེགས་པར་བྱེད་མ་ཐུབ་པའི་དབང་གིས་ཤོག་ཆད་དང་ནོགས་སུབ་ཏུ་སོང་ནས་དབུ་ཤོག་དང་མཇུག་ཤོག་མེད་པ་སོགས་ཀྱིས་མཚོན་པའི་ཆད་ལྷག་ཡོད་པ་རྣམས་རང་སོར་བཞག་པ་ལས་ཁ་སྐོང་ཐབས་དང་བཅོས་ཐབས་བྲལ། ཡིག་རྙིང་དེ་དག་དེང་དུས་ཀྱི་བརྡ་སྤྲོད་དང་སུམ་དག་རྟགས་གསུམ་གྱི་གཞུང་དང་བསྟུན་ནས་དག་བཅོས་བྱས་ན་གནའ་བོའི་ཡིག་རྙིང་གི་རིན་ཐང་བརླག་འགྲོ་སྙམ་ནས།མ་ཕྱིའི་བཀོད་པ་ཇི་ལྟར་སྣང་བ་དེ་བཞིན་བཅོས་ལྷད་མ་ཞུགས་པར་རང་སོར་བཞག་སྟེ། ཡི་གེ་དོགས་གཞི་ཅན་རྣམས་ཀུག་རྟགས་()འདིའི་ནང་དུ་བཞག་ཡོད། གཞན་ཡང་སྒྲ་དོན་གང་གི་ཆ་ནས་ཀྱང་མི་ཡོང་བའི་ཡིག་འབྲུ་འགའ་ཡང་ཀུག་རྟགས་ནང་དུ་བཅོས་ནས་རྩིབ་ཏུ་བཞག་ཡོད་ལ། དེ་ལྟར་ཀློག་པ་པོ་རྣམས་ཀྱིས་དགོངས་འཇགས་གནང་བར་ཞུའོ། །རྒྱལ་རོང་ལོ་རྒྱུས་རིག་གནས་དཔེ་ཚོགས་ཀྱི་ལས་དོན་འདི་བྱ་བའི་གོ་རིམ་ནང་དུ།རྔ་ཁུལ་སྲིད་གྲོས་ཁང་དང་། རྔ་ཁུལ་བོད་ཀྱི་ལོ་རྒྱུས་རིག་གནས་དང་གནའ་དཔེ་ཞིབ་འཇུག་མཐུན་ཚོགས་ཀྱིས་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞིང་། ཁྱད་པར་དུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་། རྔ་ཁུལ་ཡིག་ཚགས་ཁང་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཅས་ཀྱིས་རོགས་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུའོ།།u2f

4.jpgu2f

སྨྲས་པ།u2f

མེས་པོ་གོང་མའི་ཤུལ་བཞག་ཕ་ནོར་དག །u2f

རང་ཉིད་བློ་ལ་གོམས་པར་བྱ་ཕྱིར་དང་། །u2f

རང་དང་སྐལ་མཉམ་གཞོན་ནུ་བློ་ཅན་འགར། །u2f

ཕན་པའང་སྲིད་སྙམ་རེ་བའི་མིག་མི་འཛུམ། །u2f

འོན་ཀྱང་ཁོ་བོའི་སྐྱེས་སྦྱངས་དམན་པ་དང་། །u2f

ལོ་རྒྱུས་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར། །u2f

འདི་ལ་ནོངས་དང་འགལ་འཁྲུལ་ཅི་མཆིས་པ། །u2f

གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་སེལ་བར་མཛོད། །u2f

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།