༄༅།། མཚོ་ནུབ་ཁུལ་གྱི་སྐད་གཉིས་ལས་བྱེད་པའི་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་སྤེལ།
སྤེལ་དུས།  2017-11-16  རྡེབ་ཚད།   ཡོང་ཁུངས། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན།  རྩོམ་པ་པོ། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན།  རྩོམ་སྒྲིག་པ། lobsang

ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་ཆེད་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་ཆེད། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལག་བསྟར་ལེགས་པོ་བྱེད་པ་དང་། བརྟན་པོའི་ངང་རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་དཔེ་སྟོན་ཁུལ་གྱི་བྱ་བ་དང་མི་རིགས་སྐད་ཡིག་བྱ་བར་སྐུལ་འདེད་བྱས་ནས། མུ་མཐུད་དུ་སྐད་གཉིས་ལས་བྱེད་པའི་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ལ། ཟླ11པའི་ཚེས11ཉིན་ནས་བཟུང་། མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ཁང་གིས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གསོ་སྦྱོང་ལྟེ་གནས་སུ་གཟའ་འཁོར་གཅིག་གི་རིང་གི་མཚོ་ནུབ་ཁུལ་སྐད་གཉིས་ལས་བྱེད་པའི་སོག་རྒྱ་དང་བོད་རྒྱའི་གཞུང་ཡིག་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། PFc

ཁུལ་ཡོངས་ཀྱི་ས་ཆ་སོ་སོ་དང་ཁུལ་གཏོགས་ལས་ཁུངས་སོ་སོའི་སོག་རིགས་དང་བོད་རིགས་ཀྱི་སྐད་གཉིས་ལས་བྱེད་པ་མི80ལྷག་གསོ་སྦྱོང་ལ་ཞུགས། ཁུལ་མི་རིགས་སྐད་ཡིག་ལས་དོན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རིན་ཆིན་ཅན་ཝིན་གྱིས་འཛིན་གྲྭ་ཚུགས་པའི་མཛད་སྒོ་སྟེང་གཏམ་བཤད་གནང་བ་མ་ཟད། འབྲེལ་ཡོད་ཀྱི་བླང་བྱ་བཏོན་པ་རེད། PFc

ཁོང་གིས་ནན་གྱིས་བཤད་རྒྱུར། ལོ་ཙཱ་ནི་སྐད་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བ། སྤྱི་ཚོགས་མི་འདྲ་བ་བཅས་མཐུན་འབྲེལ་བྱེད་པའི་འགུལ་བསྐྱོད་ཡིན་པར་བཤད་ལ། ཡང་དག་པ་དང་བྱང་ཆ་ཡོད་པའི་རྨང་གཞིའི་སྟེང་སྐད་རིགས་ཤིག་གི་ཆ་འཕྲིན་དེ་སྐད་རིགས་གཞན་ཞིག་གི་ཆ་འཕྲིན་དུ་བསྒྱུར་བའི་བྱ་སྤྱོད་ཡིན་པ་མ་ཟད། ཅུང་ཙམ་ཡང་ཆ་རྒྱུས་མེད་པའི་བཤད་སྟངས་ཤིག་ཆ་རྒྱུས་ཡོད་པའི་བཤད་སྟངས་སུ་བསྒྱུར་བའི་གོ་རིམ་ཡིན་པར་བཤད་ལ། སྔོན་ཐོན་གྱི་བསམ་བློ་དང་གཞུང་ལུགས། ཚན་རིག་ལག་རྩལ།  ལྷག་པར་དུ་ཏང་གི་དམངས་ཕན་སྲིད་ཇུས་སོགས་ཚང་མར་དགོས་མཁོ་ཡོད་པ་རྣམས་ལོ་ཙཱའི་བྱེད་ཐབས་བརྒྱུད་ནས་ཡོངས་ཁྱབ་ཏུ་སྒྲོག་སྤེལ་བྱེད་དགོས་པར་བཤད། PFc

གཅིག བསམ་བློ་གཅིག་གྱུར་དང་ངོས་ཟིན་མཐོར་འདེགས་བཏང་སྟེ། འགན་ཁུར་གྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཤུགས་ཆེ་རུ་གཏོང་དགོས། སྐད་གཉིས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་ཕྲག་ལ་བབས་པའི་ལས་འགན་ནི་ཧ་ཅང་ལྕི་ལ། དང་དུ་ལེན་པའི་འགན་ཁུར་ཡང་ཧ་ཅང་གལ་ཆེ་བ་རེད། དེའི་རྐྱེན་གྱིས་རང་ཉིད་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་དང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ཁུལ་གསར་འཛུགས་ཀྱི་བྱ་བའི་ཁྲོད་ཀྱི་གནས་བབ་དང་ནུས་པ་ལེགས་པོར་རྟོགས་དགོས་ཤིང་། ཧུར་བརྩོན་གྱིས་བསམ་པའི་ངེས་ཤེས་མཐོར་འདེགས་བཏང་སྟེ། སྐད་གཉིས་ལས་བྱེད་པའི་བྱ་བའི་འགན་ཁུར་བསམ་པ་དང་འགན་འཁྲིའི་བསམ་པ་ཇེ་ལེགས་སུ་གཏོང་དགོས།PFc

གཉིས། སྦྱངས་པ་གོ་ཆོད་དང་སྦྱང་སྤྱོད་ཟུང་འབྲེལ་བྱས་ཏེ། བྱེད་ནུས་ཆུ་ཚད་མཐོར་འདེགས་ཡོང་བར་ཁག་ཐེག་བྱ་དགོས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལེགས་པོར་བསྒྲུབ་ཆེད། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་གསོ་སྦྱོང་ལྟེ་གནས་དང་ཁུལ་མི་རིགས་སྐད་ཡིག་ལས་དོན་ཁང་གཉིས་ཀྱིས་ཉེ་སྔོན་བྱ་བ་གང་མང་བསྒྲུབས་ཤིང་། གསོ་སྦྱོང་བརྒྱུད་ནས་རང་ཁུལ་གྱི་སྐད་གཉིས་ལས་བྱེད་པའི་དཔུང་ཁག་གི་བྱ་བའི་ནུས་པ་དང་ལོ་ཙཱའི་ཆུ་ཚད་ལ་ཁྱོན་ཡོངས་ནས་སྐུལ་འདེད་ཀྱི་ནུས་པ་ཐོན་པར་ང་རང་ལ་ཡིད་ཆེས་ཡོད།  ང་ཚོའི་ཤེས་བྱ་འཕེལ་བ་དང་མཐོང་རྒྱ་ཇེ་ཆེར་འགྲོ་ལ། རེ་བ་ཡིན་ན་ཚང་མས་བསླབ་ཟིན་པའི་གཞུང་ལུགས་དང་ཤེས་བྱ་རྗེས་ཕྱོགས་ཀྱི་བྱ་བའི་སྟེང་ར་སྤྲོད་བྱེད་པ་དང་། མུ་མཐུད་དུ་དོན་དངོས་ཀྱི་བྱ་བའི་ནུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། PFc

གསུམ། སྒྲིག་ལམ་ནན་འཛིན་དང་དོ་དམ་ལ་ཤུགས་བསྣན་ནས། གསོ་སྦྱོང་བྱ་བར་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱ་དགོས། ཐེངས་འདིའི་གསོ་སྦྱོང་བདེ་ལེགས་ངང་སྤེལ་བར་ཁག་ཐེག་བྱས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཆེད། གཅིག་ནས་སློབ་སྦྱོང་གི་རྣམ་འགྱུར་ལེགས་དགོས། སློབ་སྦྱོང་བྱེད་པ་དེ་བསམ་བློ་གཏོང་ཡུལ་ཞིག་དང་དམིགས་འབེན་ཞིགཡང་ན་མི་ཚེའི་རིན་ཐང་མངོན་པའི་གལ་ཆེའི་བྱེད་ཐབས་ཤིག་ཏུ་བཟུང་ནས། མུ་མཐུད་དུ་ཤེས་བྱ་གསར་པ་ཁ་སྣོན་དང་འདུ་ཤེས་གསར་བརྗེ། མཐོང་རྒྱ་ཇེ་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་སློབ་སྦྱོང་གི་བྱེད་ཐབས་ལ་དོ་སྣང་བྱེད་དགོས། བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ལ་ཉན་པ་དང་། ཧུར་བརྩོན་གྱིས་བསམ་བློ་གཏོང་བ། ནན་ཏན་གྱིས་ཟིན་བྲིས་ལེགས་པོར་འབྲི་བ་བཅས་བྱ་དགོས། གོ་བ་ལེན་པར་དོ་སྣང་དང་གང་འཚམ་གྱིས་བཀོལ་སྤྱོད། སྤྱི་སྡོམ་བྱེད་མཁས་པ་བཅས་བྱ་དགོས།  སློབ་སྦྱོང་གི་གཙོ་གནད་འབུར་དུ་ཐོན་པ་དང་། དགོངས་དོན་གྱི་སྙིང་པོར་རྒྱུས་ལོན་བྱས་ཏེ།   དུས་ཚོད་ངེས་ཅན་ཞིག་གི་ནང་དུ་སྦྱངས་པར་དོན་སྙིང་ཡོད་པ་དང་སློབ་སྦྱོང་ལ་གྲུབ་འབྲས་ཡོད་པ་ཞིག་ཏུ་བརྩོན་ལེན་བྱ་དགོས་པ་དང་། དངོས་སུ་ལོ་ཙཱའི་ལག་ལེན་གྱི་ཐབས་རྩལ་དང་ཐབས་ཤེས་བློ་ལ་ངེས་དགོས། གསུམ་ནས་སློབ་སྦྱོང་གི་སྒྲིག་ལམ་བརྩི་སྲུང་བྱ་དགོས། གསོ་སྦྱོང་བྱེད་སྐབས་སུ་གསོ་སྦྱོང་ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་བརྩི་སྲུང་བྱ་དགོས་ཤིང་། དགེ་རྒན་ལ་བརྩི་བཀུར་དང་ཕན་ཚུན་ལ་བརྩི་བཀུར་བྱས་ཏེ།  མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་། སྣེ་ཁྲིད་ཀྱི་མཛུབ་སྟོན་ལ་ཉན་ནས་མཉམ་གཅིག་ཏུ་མཚོ་ནུབ་སྐད་གཉིས་ལས་བྱེད་པའི་དཔུང་ཁག་གི་གཟུགས་བརྙན་ལེགས་པོར་སྲུང་སྐྱོང་བྱ་དགོས།PFc

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།