༄༅།། སངས་རྒྱས་འབུམ་གྱི་བརྩམས་ཆོས《དུས་རབས་ཤིག་གི་དགེ་བའི་བཤེས་གཉེན•པཎ་ཆེན་སྐུ་ཕྲེང་བཅུ་བ》ལ་འཛམ་གླིང་ཟིན་ཐོའི་མཚན་སྙན་ཐོབ་པ།
སྤེལ་དུས།  2017-11-30  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgvv4

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    ཉེ་སྔོན།  མཚོ་སྔོན་ཞིང་ཆེན་རྨ་ལྷོ་རྫོང་ནས་སྐྱེས་པའི་སངས་རྒྱས་འབུམ་གྱིས2012ལོ་ནས2016ལོའི་བར་བརྩམས་པའི《དུས་རབས་ཤིག་གི་དགེ་བའི་བཤེས་གཉེན•པཎ་ཆེན་སྐུ་ཕྲེང་བཅུ་བ》ཞེས་པའི་ཐང་ག་ལ“འཛམ་གླིང་སྟེང་ཆེས་རིང་བའི་ཐང་ག”དང“འཛམ་གླིང་སྟེང་མི་སྣའི་སྣང་བརྙན་བྲིས་པ་ཆེས་མང་བའི་ཐང་ག”ཞེས་པའི་་འཛམ་གླིང་ཟིན་ཐོའི་མཚན་སྙན་ཐོབ་པ་རེད།  vv4

3.jpgvv4

《དུས་རབས་ཤིག་གི་དགེ་བའི་བཤེས་གཉེན•པཎ་ཆེན་སྐུ་ཕྲེང་བཅུ་བ》ཞེས་པའི་ཐང་ག་འདི་ནི།  ཁྱད་དུ་འཕགས་པའི་སྒྱུ་རྩལ་ཐང་གའི་འབྲི་རྩལ་བརྒྱུད་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཙོ་འཛིན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་ཚེ་གང་བོའི་མཛད་རྗེས་ཡོངས་མཚོན་པའི་ཐང་ག་ཞིག་ཡིན།  ཐང་ག་འདིའི་མཐོ་ཚད་ལ་སྨི1.8དང་རིང་ཚད་ལ་སྨི65ཡོད་ཅིང་མི་སྣའི་སྣང་བརྙན་2500ལྷག་བྲིས་ཡོད།   vv4

2.jpgvv4

སངས་རྒྱས་འབུམ་ངོ་སྤྲོད།   vv4

1966ལོར་རྨ་ལྷོ་རྫོང་སེང་གེ་གཤོང་ནས་སྐྱེས་ཤིང་ད་ལྟ་རྒྱལ་ཁབ་མི་རིགས་རི་མོའི་སློབ་གླིང་ཐང་ག་སྒྱུ་རྩལ་ཞིབ་འཇུག་གླིང་གི་གླིང་གཙོའི་འགན་ཁུར་ཡོད།  ཁོས་ལོ་བརྒྱད་ཀྱི་སྟེང་ནས་རེབ་གོང་ས་ཁུལ་གྱི་མིང་དུ་གྲགས་པའི་དགེ་རྒན་ཆེན་མོ་རྒྱ་མཚོ་དགེ་རྒན་ལ་བསྟེན་ཏེ། བོད་བརྒྱུད་ནང་བསྟན་གྱི་རི་མོའི་གཞུང་ལུགས་ཤེས་བྱ་དང་ལངས་གཟུགས་ཅན་གྱི་འཇིམ་བརྐོས་ལག་རྩལ་སོགས་ལ་སློབ་སྦྱོང་བྱས། vv4

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།