༄༅།། གེ་སར་རིག་གནས་དཔྱད་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་དུ་ཚོགས་པ།
སྤེལ་དུས།  2017-12-08  རྡེབ་ཚད།   ཡོང་ཁུངས།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྩོམ་པ་པོ། གསར་འགོད་པ་སྐལ་བཟང་རྣམ་རྒྱལ་དང་ལྕགས་ཐར་ཚེ་རིང་།  རྩོམ་སྒྲིག་པ། lobsang

1.jpg4Sv

ཚོགས་འདིའི་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད།4Sv

མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་དང་མཚོ་སྔོན་སེང་འབྲུག་སྟག་རྩེ་བོད་ཀྱི་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་གླིང་གེ་སར་རིག་གནས་ཀྱི་དཔྱད་གླེང་འདུ་འཛོམས་ཆེན་མོ་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་གནའ་མཁར་ཟི་ལིང་ནས་ཚོགས།4Sv

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་འབྲེལ་ཡོད་མི་སྣ་ཚོགས་འདུ་ལ་ཞུགས། ཚོགས་འདུའི་སྟེང་ཐོག་མར་མཚོ་སྔོན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་ཕུལ་བའི་ཤིས་ཚིག་སྒྲོག་འདོན་བྱས། སྟག་འབུམ་ཐར་གྱིས་བསྟན་དོན། གེ་སར་རིག་གནས་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་བཞུགས་མོལ་ཚོགས་འདུའི་སྟེང་དུ་གེ་སར་རིག་གནས་ལ་བཏོན་པའི་མཛུབ་སྟོན་ལྟར། སྲོལ་རྒྱུན་གྱི་ཤུལ་བཞག་རིག་གནས་འདི་ཉིད་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མཐོ་རུ་བཏེགས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཁྱད་འཕགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། མི་མང་མང་ཚོགས་ཀྱི་བསམ་པའི་འཚོ་བ་དང་རིག་རྩལ་གྱི་དགོས་མཁོ་བསྐང་ཐུབ་དགོས་ཟེར། 4Sv

གེ་སར་རིག་གནས་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་སུ་གནས་པའི་འབྲོག་པའི་འཚོ་བ་མཚོན་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ལ། དེ་ཡིས་མཚོ་བོད་མཐོ་སྒང་ན་གནས་པའི་བོད་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་དང་། མི་ཆོས་ཀུན་སྤྱོད། མཛེས་དཔྱོད་ལྟ་བ་སོགས་མཚོན་ལ། མི་དམངས་མང་ཚོགས་ཀྱི་ཤེས་རབ་དང་བློ་གྲོས་ལས་འཕེལ་བའི་སྒྱུ་རྩལ་གྱི་བརྩམས་ཆོས་ཕུལ་ཏུ་བྱུང་བ་ཞིག་ཡིན་པས། དེ་ལ་ཞིབ་འཇུག་དང་སྔོག་འདོན་གྱི་རིན་ཐང་ཆེན་པོ་ལྡན།4Sv

ཚོགས་ཐོག་ཏུ་པེ་ཅིན་དང་བོད་ལྗོངས། ཀན་སུའུ། མཚོ་སྔོན། སི་ཁྲོན་སོགས་ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་མང་པོས་གཏམ་བཤད་སྤེལ་ཞིང་། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་མཇུག་སྒྲིལ་ནས། ཕྱོགས་སོ་སོ་རུ་དགོངས་དོན་དྲིལ་སྒྲོག་གི་བྱ་གཞག་མཚམས་ཆད་ཀྱིན་མེད་པའི་དུས་སྐབས་འདི་ལ། གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ནས། ལོ་རྒྱུས་རིག་གནས་ཁྲོད་ཀྱི་ཀུན་སྤྱོད་ལྟ་གྲུབ་དང་རིན་ཐང་ལྟ་བ་སོགས་སྔོག་འདོན་བྱས་ནས་ཀྲུང་ཧྭའི་ཁྱད་འཕགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་ཏུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་བཞུགས་མོལ་ཚོགས་འདུའི་སྟེང་དུ་ཐེངས་གཉིས་ལྷག་ལ་གེ་སར་རིག་གནས་ལ་བཏོན་པའི་མཛུབ་སྟོན་གྱི་དགོངས་པ་དེ་ལག་བསྟར་དོན་འཁྱོལ་བྱ་དགོས་ཟེར།4Sv

ཐེངས་འདིའི་ཚོགས་འདུ་ལ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྒྲོག་འབྲེལ་བྱ་འགུལ་གྱི་སྐབས་གླགས་དང་བསྟུན་ནས། ཆེད་མཁས་པ་དག་གིས་གེ་སར་རིག་གནས་འདི་ཉིད་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་པར་མ་ཟད། དེ་ཇི་ལྟར་སྲུང་སྐྱོབ་དང་ཇི་ལྟར་རྒྱུན་འཛིན་བྱེད་དགོས་པ་དང་། དམངས་ཁྲོད་ཀྱི་ཕུལ་བྱུང་རིག་གནས་དང་དེང་རབས་ཀྱི་རིག་རྩལ་ཉིང་བཅུད་གཉིས་ཇི་ལྟར་ཟུང་འབྲེལ་བྱེད་དགོས་པ་སོགས་ཀྱི་ཐད་ནས་ཀྱང་ཐབས་ལམ་གསར་བ་བཙལ་བ་རེད།4Sv

2.jpg4Sv

3.jpg4Sv

ཚོགས་རའི་ཡུལ་དངོས།4Sv

4.jpg4Sv

ཚོགས་ཞུགས་ལྷན་རྒྱས་ཀྱི་མཉམ་པར།4Sv

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།