༄༅།། 2017ལོའི«ཟླ་ཟེར»བགྲོ་གླེང་དང་བྱ་དགའ་སྤྲོད་པའི་ཚོགས་འདུ་གཙོས་གྲོང་ཁྱེར་དུ་ཚོགས།
སྤེལ་དུས།  2018-01-27  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  རྩོམ་པ་པོ། ནང་དོན་འདི་སྤེལ་མཁན། དཔའ་བརྟན་རྒྱལ།  རྩོམ་སྒྲིག་པ། lobsang

1.jpgvPu

ཚོགས་རའི་ཡུལ་དངོས།vPu

2.jpgvPu

རྩོམ་པ་པོ་ཨ་དོན་ནམ་ཚེ་རིང་དོན་གྲུབ་ཀྱིས་གཏམ་བཤད་བཞིན་པ།vPu

3.jpgvPu

རྩོམ་པ་པོ་གཅོད་པ་འཚོས་གཏམ་བཤད་བཞིན་པ།vPu

4.jpgvPu

བྱ་དགའ་ཐོབ་པའི་རྩོམ་པ་པོ་རྣམས།vPu

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་དོན་དར་རྒྱས་ཕུན་ཚོགས་སུ་གཏོང་བར་སྐུལ་འདེད་གཏོང་བ། «ཟླ་ཟེར»དུས་དེབ་ཀྱི་སྤུས་ཚད་སྔར་ལས་མཐོར་འདེགས་འབྱུང་བ་བཅས་ཀྱི་ཆེད་དུ། ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས2017ལོའི«ཟླ་ཟེར»དུས་དེབ་ཀྱི་བགྲོ་གླེང་དང་ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་སྤྲོད་པའི་ཚོགས་འདུ་དེ་སྤྱི་ཟླ1པོའི་ཚེས16ཉིན་གཙོས་གྲོང་ཁྱེར་དུ་ཚོགས། ཁུལ་ཡོངས་ཀྱི་རྩོམ་པ་པོ་མི་བཞི་བཅུ་ལྷག་ཚོགས་འདུར་ཞུགས་ཤིང་། ཁོ་ཚོས«ཟླ་ཟེར»དུས་དེབ་སྒྲུབ་པའི་དགེ་སྐྱོན་ཐད་བསམ་འཆར་ལྷུག་པོར་བརྗོད་པ་དང་། ཚང་མས་མགྲིན་གཅིག་ཏུ«ཟླ་ཟེར»དུས་དེབ་ཀྱིས་ཏང་གི་རིག་རྩལ་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། རྩོམ་ཡིག་གི་ནང་དོན་དང་དུས་དེབ་ཀྱི་རྒྱུ་སྤུས་བཅས་ཕྱོགས་གང་ཐད་དུ་སྔར་ལས་ཇེ་བཟང་ཇེ་ལེགས་སུ་གཏོང་བའི་བསམ་འཆར་བཏོན།vPu

2017ལོའི«ཟླ་ཟེར»དུས་དེབ་ཀྱི་ལོ་འཁོར་བྱ་དགའ་དེ། ལོ་དེར«ཟླ་ཟེར»དུ་བཀོད་པའི་སྒྲུང་གཏམ་དང་སྙན་རྩོམ། ལྷུག་རྩོམ་བཅས་ལས་བདམས་ཐོན་བྱུང་ཞིང་། ཐོག་མར་རྩོམ་སྒྲིག་འགན་ཁུར་བས་མཚམས་སྦྱོར་ཞུས་པའི་རྨང་གཞིའི་ཐོག་རྩོམ་སྒྲིག་ཚོགས་པའི་ཨུ་ཡོན་རྣམས་ཀྱིས་རྩོམ་ཡིག་རེ་རེ་བཞིན་དཔྱད་བསྡུར་བྱས་པ་དང་། དཔྱད་བདམས་ཀྱི་བརྒྱུད་རིམ་ཀུན་ཏུ་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ཨུ་ཡོན་རྣམས་ཀྱིས་འདྲ་མཉམ་དང་དྲང་བདེན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། མཐར་ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་གྲོས་ཚོགས་བརྒྱུད་དེ་ཐག་གཅོད་བྱུང་། གཞན་བྱ་དགའ་ཐོབ་པའི་རྩོམ་པ་པོ་ཨ་དོན་དང་གཅོད་པ་འཚོ་གཉིས་ཀྱིས་རྩོམ་པ་པོའི་འཐུབ་ཚབ་ཏུ་གཏམ་བཤད་བྱས།vPu

2017ལོའི«ཟླ་ཟེར»དུས་དེབ་ཀྱི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་དེ་རྩོམ་པ་པོ་མི་བརྒྱད་ལ་ཐོབ་པ་སྟེ། གཅོད་པ་འཚོའི«དབྱར་རྩྭ་དགུན་འབུའི་གསང་བ»དང་ཚེ་རིང་དོན་གྲུབ་ཀྱི«སྐད་ཆ་མེད་པའི་སྐྱེལ་མ»ལ་སྒྲུང་གཏམ་གྱི་ལོ་འཁོར་བྱ་དགའ་ཐོབ་པ་དང་། རྡོ་སྦིས་ཀླུ་རྒྱལ་དོན་གྲུབ་ཀྱི«མི»དང་རྨེ་རུ་མགོན་པོ་སྐྱིད་ཀྱི«ཆར་གདུགས་འོག་ཏུ»སྙིང་དཀར་ཚེ་རིང་གི«པོ་ཏཱ་ལ»ཐོ་ཡོར་གྱི«སེམས་གཏམ»ལ་སྙན་རྩོམ་གྱི་ལོ་འཁོར་བྱ་དགའ་ཐོབ། བྱམས་པ་དོན་གྲུབ་ཀྱི«བུ་མོ་དང་ཨ་ཕའི་སེམས་གཅོང»དང་བསོད་ནམས་དོན་གྲུབ་ཀྱི«ཧྭ་པ་བཀྲ་ཤིས་ཀྱི་གྲོས་གཞི»ལ་ལྷུག་རྩོམ་གྱི་ལོ་འཁོར་བྱ་དགའ་ཐོབ་ཡོད།vPu

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།