༄༅།། བོད་ཀྱི་ཁྱད་ཆོས་ལྡན་པའི་ཉི་གདུགས་དང་ཆར་གདུགས།
སྤེལ་དུས།  2015-08-19  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

ཉེ་བའི་ལོ་ཤས་རིང་། བོད་ཀྱི་གཞོན་སྐྱེས་སྐོར་ཞིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉིད་དེང་རབས་འཚོ་བའི་ཁྲོད་འཛིན་སྐྱོང་སྤེལ་གསུམ་ཡོང་ཐབས་སྣ་ཚོགས་བཙལ་ཏེ། རང་གི་འཚོ་རྟེན་ཐག་གཅོད་པའི་དུས་མཚུངས་སུ་སྲོལ་རྒྱུན་རིག་གནས་ཉིད་དུས་རབས་ཀྱི་འགྲོས་དང་བསྟུན་ནས་མི་ཉམས་གོང་འཕེལ་ཡོང་ཐབས་ལ་འབད་བཞིན་གནང་བཞིན་ཡོད་ལ། དེ་ཡང་གྱོན་ཆས་དང་བོད་ཟས། དེ་བཞིན་ཁང་ཁྱིམ་བཟོ་བཀོད་སོགས་ཟས་གོས་སྡོད་གསུམ་གྱི་ཁྱབ་ཁོངས་ནས་སྲོལ་རྒྱུན་དང་དེང་རབས་གཉིས་ཟུང་དུ་འབྲེལ་བའི་ཐོན་རྫས་མི་ཉུང་བ་བྱུང་རྗེས། ད་ཆ་ཡང་འཚོ་བའི་ཡོ་ཆས་ཏེ་དཔེར་ན་ཉི་གདུགས་དང་ཆར་གདུགས་སོགས་སུའང་བོད་ཀྱི་སྲོལ་རྒྱུན་རྒྱན་རིས་བཀོད་ཅིང་གསར་གཏོད་ཀྱི་ཆ་ངེས་ཅན་ལྡན་པའི་ཅ་དངོས་འགའ་ཐོན་བཞིན་འདུག་པ་སྟེ། དཔེར་ན་ཉེ་ཆར་ཁྱུང་རིག་གནས་ལས་སྒྲུབ་ཁང་ཞེས་པས་བཏོད་པའི་བོད་ཀྱི་རས་གུར་དང་སྦྲ་ནག་སོགས་ལ་དཔེ་བྱས་ཏེ་བཟོས་པའི་ཉི་གདུགས་དང་ཆར་གདུགས་ལྟ་བུ་དང་། སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་ཅ་དངོས་འདི་དག་ལ་བོད་པ་རང་ཕུད། མི་རིགས་གཞན་གྱིས་ཀྱང་དགའ་བསུ་ངེས་ཅན་ཐོབ་བཞིན་འདུགvkZ

1.jpgvkZ

ཁྱུང་རིག་གནས་ལས་སྒྲུབ་ཁང་གིས་བཟོས་པའི་གུར་གདུགས་ནག་པོ།vkZ

2.jpgvkZ

ཁྱད་ཆོས་དང་མཚོན་དོན། སྦྲ་ནག་དང་སྒོ་ཡོལ་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་ཞིང་། རས་གཞི་ནག་པོར་ཧོར་ཐེལ་དང་པ་ཏྲ། དུང་ཕྲེང་དཀར་པོ་བཅས་བཀྲ་ཤིས་རི་མོ་དཀར་པོ་བཀོད་པ་འདིས་ནག་ཕྱོགས་ལས་རྒྱལ་ཞིང་རྐྱེན་དང་བར་ཆད་ཟློག་པའི་རེ་སྨོན་བཟང་པོ་མཚོན།vkZ

3.jpgvkZ

ཁྱུང་རིག་གནས་ལས་སྒྲུབ་ཁང་གིས་བཟོས་པའི་གུར་གདུགས་དཀར་མོ།vkZ

4.jpgvkZ

ཁྱད་ཆོས་དང་མཚོན་དོན། རས་གུར་གྱི་ཁྱད་ཆོས་གཞིར་བཟུང་། སྲོལ་རྒྱུན་རྒྱན་རིས་ཧོར་ཐེལ་དང་ཟུར་རྒྱན་པ་ཏྲ། མཐའ་རྒྱན་ལྕགས་རི་སོགས་རྟེན་འབྲེལ་ལེགས་པའི་རི་མོས་རྣམ་པར་བརྒྱན་ཞིང་། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་བཟང་པོ་མངོན་པར་མཚོན།vkZ

5.jpgvkZ

ཁྱུང་རིག་གནས་ལས་སྒྲུབ་ཁང་གིས་བཟོས་པའི་གུར་གདུགས་ཁྲ་བོ།vkZ

6.jpgvkZ

ཁྱད་ཆོས་དང་མཚོན་དོན། བོད་པ་དགའ་བའི་ཁ་དོག་ལས་དམར་སྨུག་དང་མཐིང་མདོག་གཞི་བྱས་ཏེ་ཨ་ལོང་གི་རིས་དབྱིབས་ལ་བཀྲ་ཤིས་པའི་སྲོལ་རྒྱུན་རྒྱན་རིས་ཀྱིས་མཛེས་པར་སྤུད་ཅིང་། ཞི་འཇམ་སྒམ་བརླིང་དང་ལྡན་པའི་བོད་པའི་མི་གཤིས་མཚོན།vkZ

སྐུ་ཉིད་ལ་འདིའི་ཕྱོགས་ཀྱི་དགོས་མཁོ་ཡོད་ན། གཤམ་གྱི་འབྲེལ་ལམ་ཁག་བརྒྱུད་མངག་ཉོ་གནང་ཆོགvkZ

ཁ་པར། 15281513883,18608377334vkZ

དྲ་འཕྲིན། chongcuture@foxmail.comvkZ

དྲ་ཚོང་ཁང་། https://shop36705860.taobao.comvkZ

སྐད་འཕྲིན་སྤྱི་སྟེགས། 穹文化工坊vkZ

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།