༄༅།། མགོ་ལོག་གི་དགེ་ལས་དགོང་ཚོགས་ཆེན་མོ་ལེགས་གྲུབ་བྱུང་བ།
སྤེལ་དུས།  2018-02-01  རྡེབ་ཚད།   ཡོང་ཁུངས། བཙན་པོ་མགར་གྱི་དྲ་བ།  རྩོམ་པ་པོ། བཙན་པོ་མགར་གྱི་དྲ་བ།  རྩོམ་སྒྲིག་པ། lobsang

1.jpg7wP

མགོ་ལོག་བྱམས་བརྩེའི་འོད་སྣང་ཚོགས་པས་གཙོ་སྒྲུབ་བྱས་པའི་དགེ་ལས་དགོང་ཚོགས་ཆེན་མོ་༼   བྱམས་བརྩེའི་འབོད་སྐུལ༽  རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ།7wP

རྒྱུས་ལོན་བྱས་པ་ལྟར་ན། སྤྱི་ལོ་༢༠༡༨ལོའི་ཟླ་༡བོའི་ཚེས་༡༧ཉིན་མགོ་ལོག་བྱམས་བརྩེའི་འོད་སྣང་ཚོགས་པས་གཙོ་སྒྲུབ་བྱས་པའི་དགེ་ལས་དགོང་ཚོགས་ཆེན་མོ་༼བྱམས་བརྩེའི་འབོད་སྐུལ༽ ཞེས་པ་མགོ་ལོག་གླིང་གི་ཕ་ས་གནམ་སའི་མགོ་ལོག་གླུ་གར་གླིང་དུ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་འདུག7wP

2.jpg7wP

དགེ་ལས་དགོང་ཚོགས་ཆེན་མོ་དེར་བོད་ཡུལ་ན་མིང་དུ་གྲགས་པའི་གླུ་བ་ཚེ་རིང་དོན་གྲུབ་དང་དགེ་ལེགས།  རྨ་གླིང་ལྷུན་གྲུབ།  པེ་རི་འགྲོ་མགྲོན།   ཚེ་རིང་དོན་གྲུབ།  རྨ་ཆུའི་ཆོས་འཛོམས།  གདུགས་དཀར་སྐྱིད།  ད་དུང་གཞོན་སྐྱེས་གླུ་བ་གྲགས་ཅན་མཆོག་སྐྱབས་དང་བསོད་ནམས་དར་རྒྱས།  འོད་རྣམ།  ཚེ་རིང་རྡོ་རྗེ།   དབྱངས་སྐྱིད།   ནོར་གཡང་སོགས་ཀྱིས་སྙན་མོའི་དབྱངས་རྟ་ལ་དྲངས་པའི༼  བྱམས་བརྩེའི་འབོད་སྐུལ༽  གྱི་དགེ་ལས་དགོང་ཚོགས་གཟབ་རྒྱས་ཤིག་སྤེལ།7wP

ཚོགས་ཐོག་ཏུ་མགོ་ལོག་བྱམས་བརྩེའི་འོད་སྣང་ཚོགས་པའི་ལས་འཛིན་རེ་རེས་གཏམ་བཤད་དང་ཆེད་ཞུས་གཙང་ཞོལ་དགེ་བཤེས་ངག་དབང་བཀྲ་ཤིས་དང་། དབྲ་ཁྱུང་དཔལ་བཟང་སོགས་ཀྱིས་གལ་འགངས་ཆེ་བའི་གསུང་བཤད་མང་བོ་གནང་།7wP

3.jpg7wP

མགོ་ལོག་གཙང་ཞོལ་དགོན་གྱི་དགེ་བཤེས་ངག་དབང་བཀྲ་ཤིས་ཀྱིས་གསུང་བཤད་གནང་བ།7wP

4.jpg7wP

དབྲ་ཁྱུང་དཔལ་བཟང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།7wP

5.jpg7wP

6.jpg7wP

མགོ་ལོག་བྱམས་བརྩེའི་འོད་སྣང་ཚོགས་པའི་བསོད་ནམས་དཔལ་གྱིས་གཏམ་བཤད་གནང་བཞིན་པ།7wP

8.jpg7wP

ཚོགས་རའི་ཟུར་དངོས་ཤིག7wP

9.jpg7wP

ཚོགས་རའི་ཡུལ་དངོས་ཤིག7wP

ང་ཚོས་འདི་ཀ་ནས།   བྱམས་བརྩེའི་ས་བོན་ལས་འཁྲུངས་པའི་གསེར་གྱི་སྙེ་མ་ཞིག་སེམས་ལ་བཅངས་ནས།   རྟག་བརྟན་འགྱུར་མེད་ཀྱི་འབོད་སྐུལ་གཙང་མ་ཞིག་སྒྲོག་གིན་ལམ་ལ་ཆས་ཡོད།   འདི་ནི་ཁྱེད་ཅག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལས་འབུས་པ་ཡིན།7wP

10.jpg 7wP

ཞེས་པའི་དགེ་ལས་དགོང་ཚོགས་ཆེན་མོ་དེ་གནམ་སའི་མགོ་ལོག་གླུ་གར་གླིང་ནས་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་མཇུག་བསྡུས།7wP

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།