༄༅།། ཁམས་པའི་བརྙན་འཕྲིན་ཁང་གི་2018ལོའི་བོད་ཀྱི་ལོ་གསར་དགོང་ཚོགས།
སྤེལ་དུས།  2018-02-02  རྡེབ་ཚད།   ཡོང་ཁུངས། མི་དམངས་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgu75

མི་དམངས་དྲ་བའི་འཕྲིན། ཁམས་པའི་བརྙན་འཕྲིན་ཁང་གིས་2018ལོའི་བོད་ཀྱི་ལོ་གསར་དགོང་ཚོགས་སྒྲིག་བཟོ་དངོས་སུ་མཇུག་སྒྲིལ་བ་དང་། ཟླ་2ཚེས་16ཉིན་(བོད་ཀྱི་ལོ་གསར་ཚེས་1ཉིན་)སྔ་དྲོ་ཆུ་ཚོད་9པའི་ཐོག་བསྟན་རྒྱུ་ཡིན་ཞིང་། ད་ལོའི་ལེ་ཚན་ནི་ངོ་མཚར་ཧ་ཅང་ཆེན་པོ་ཡོད་པ་རེད།u75

2.jpgu75

ད་ལོའི་དགོང་ཚོགས་ནི་ཁམས་པའི་བརྙན་འཕྲིན་ཁང་དང་བོད་ལྗོངས་ནག་ཆུ་ས་ཁུལ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་རྒྱུ་དང་། ནག་ཆུའི་འཁྲབ་སྟོན་ཚོགས་པས་བོད་བྱང་ཐང་གི་གླུ་གར་འཁྲབ་སྟོན་བྱེད་རྒྱུ་ཡིན་པ། དེའི་ཁྲོད་དུ་ནག་ཆུ་སོག་རྫོང་གི་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་དགུང་ལོ་80རུ་སོན་པའི་བགྲེས་སོང་བསོད་ནམས་དང་བྱིས་པ་ཚོས་མཉམ་དུ་སོག་རྫོང་གི་ཞོལ་རས་པ་འཁྲབ་སྟོན་བྱ་རྒྱུ་དང་། ལོ་ཆེ་ཆུང་གི་ཁྱད་པར་ཆེ་བའི་ལེ་ཚན་འདི་ཡིས། མི་ཚོར་མངོན་མིན་རིག་གནས་ཤུལ་བཞག་ཞོལ་རས་པའི་མཛེས་སྡུག་མྱོང་དུ་འཇུག་ལ། རིག་གནས་ཤུལ་བཞག་གི་ནུས་པའང་བརྒྱུད་སྤེལ་བྱེད་ཐུབ་པ་རེད།u75

3.jpgu75

དེ་ཡང་ལོ་རེའི་དགོང་ཚོགས་སུ་ཚང་མས་དོ་སྣང་ཆེ་ཤོས་བྱེད་ས་ནི་གླུ་པ་དང་གླུ་མ་སུ་ཡོང་གི་ཡོད་པ་དེ་རེད། ད་ལོའི་དགོང་ཚོགས་སུ་གླུ་པ་གླུ་མ་མང་པོ་འདུས་ཡོད་པ་རེད། ཡ་དུང་དང་འཇམ་དབྱངས་སྒྲོལ་མ། ཨ་ལན་ཟླ་བ་སྒྲོལ་མ། ཤེར་བསྟན། ཚེ་དབང་ལྷ་མོ། འཕྲིན་ལས་རྒྱ་མཚོ། བསྟན་ཆོས་ཨ་D ནོར་བུ་བསམ་འགྲུབ། དཔལ་ཆེན་དབང་རྒྱལ་སོགས་གླུ་པ་གླུ་མ་གྲགས་ཅན་ཡོད་པ་རེད། u75

4.jpgu75

5.jpgu75

གླུ་མ་ཚེ་དབང་ལྷ་མོ།u75

6.jpgu75

གླུ་པ་ནོར་བུ་བསམ་འགྲུབ་དང་དཔལ་ཆེན་དབང་རྒྱལ། u75

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།