༄༅། ། དགེ་རྒན་ལ་དགེན་ཞེས་འབོད་པ་དང་བྲི་བ་ལ་དཔྱད་པ།
སྤེལ་དུས།  2018-01-27  རྡེབ་ཚད།   ཡོང་ཁུངས། དཔའ་རིས་ཡུལ་སྲོལ་རིག་གནས།  རྩོམ་པ་པོ།  མཁན་དགྲ་ལྷ་ཚེ་རིང་།  རྩོམ་སྒྲིག་པ། lobsang

དགེན་ཞེས་པའི་ཚིག་འདི་ནི་བོད་ཀྱི་ཁུངས་ལྡན་ཡིག་ཆ་ཁག་དང་དག་ཡིག་ཚིག་མཛོད་སོགས་སུ་གཏན་ནས་མེད་པའི་ཡི་གེ་ཞིག་རེད། LTG

འོ་ན་དེང་སང་མང་པོ་ཞིག་གིས་བཀོལ་བཞིན་འདུག་པས་ཇི་ལྟར་ཡིན་སྙམ་ན། དེ་ཡང་སྔོན་ཆད་དགེ་རྒན་ཞེས་པ་བསྡུས་ཡིག་༼སྔོན་ཆད་བསྐུངས་ཡིག་འདི་རིགས་དབུ་མེད་ལ་བྲིས་པ་མང་ཡང་། དེ་ཉིད་ཀློག་དུས་དགེ་རྒན་ཞེས་བཀླག་དགོས་པས་དགེན་ཞེས་ཐད་ཀར་བཀླགས་ན་བསྐུངས་ཡིག་བཀྲལ་མ་ཤེས་པ་རེད།༽འབྲི་སྐབས་དགེན་ཞེས་བྲིས་ཡོད་པ་དང་གཅིགLTG

དབུས་གཙང་ཁུལ་དུ་དགེ་རྒན་ལ་ནམ་རྒྱུན་རྒན་ལགས་ཞེས་འབོད་ཀྱི་ཡོད་པ་དང་གཉིས། ད་དུང་མི་གཞན་ལ་བརྩི་བཀུར་གྱི་ཚུལ་དུ་རྒན་ཞེས་འབོད་ཀྱི་ཡོད་པ་བཅས་ཀྱི་འཁྲུལ་གཞི་བྱས་ནས་ཕྱོགས་མཐའི་བོད་མིའི་བསམ་པར་དགེན་ཞེས་པ་དགེ་རྒན་ཞེས་པའི་བསྡུས་ཡིག་ཡིན་པ་མ་ཤེས་ནས་དབུས་པས་རྒན་ཞེས་འབོད་པ་དེ་དགེན་ཞེས་པར་འཁྲུལ་ནས་བྲིས་པ་ཡིན་པ་རེད། LTG

དེས་ན་རྒན་ལགས་ཞེས་པ་དགེན་ལགས་དང་རྒན་ཞེས་པ་དགེན་ཞེས་འབྲི་བ་ནི་ནོར་འཁྲུལ་ཁོ་ན་ཡིན་ནོ།། LTG

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།