༄༅།། སྙིང་སྡུག་ལགས། ང་ལ་དགའ་ན་དཔའ་རིས་ལ་ཤོག
སྤེལ་དུས།  2017-12-06  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ།  དཀོན་ནོར།  རྩོམ་སྒྲིག་པ། lobsang

4.jpgBxm

སྙིང་སྡུག་ལགས། ང་ལ་དགའ་ན་དཔའ་རིས་ལ་ཤོག་ཅིགBxm

འདི་རུ་འཇིག་རྟེན་ན་ཆེས་ཆེ་བའི་ཤིང་བརྐོས་རྗེ་སྐུ་བཞུགས།Bxm

ཆེས་དྭངས་པའི་ཀ་དྲོད་ལྷ་མཚོ་རྒྱས།Bxm

ཡུལ་འདིའི་སྤྲ་གུར་ལ་དྲོད་སྐྱིད་ལྡན།Bxm

ཡུལ་འདིའི་དམངས་སྲོལ་ལ་ཁྱད་མཚར་ཕྱུགBxm

འདི་ན་གཏིང་དཔག་དཀའ་བའི་རིག་གནས་ཡོད་ལ།Bxm

འདི་ན་མྱོས་པར་གྱུར་པའི་གླུ་གར་རྫོགས།Bxm

2.jpgBxm

འདི་ན་རབ་དཀར་རི་བོ་ཉུང་ཡང་།Bxm

མི་ཀུན་གྱིས་རུས་ཀྲང་ལ་སྲ་མཁྲེགས་ལྡན།Bxm

འདི་རུ་མཐོན་མཐིང་ལ་ཟུག་པའི་ཐོག་ཁང་མེད་རུང་།Bxm

འདི་ན་བག་ཕེབས་ཀྱི་ལོ་ཟླ་གནས།Bxm

རེད་ཡ། བག་ཕེབས་ཀྱི་ལོ་ཟླ་ལས།Bxm

མི་ཚེ་ཐར་ཐོར་ངང་གཏོར་ཆོགBxm

ཐར་ཐོར་གྱི་རྐང་རྗེས་རེ་ལས།Bxm

དྲན་འཛིན་གྱི་ཟིལ་བུ་འཚེར་ཆོགBxm

 3.jpgBxm

འདི་ན་བསྟི་གནས་འགངས་ཅན་དབེན་ཡང་།Bxm

གྲུབ་ཆེན་གྱི་འབྱུང་གནས།Bxm

འདི་ན་རིན་ཆེན་གཏེར་མཛོད་མེད་ཀྱང་།Bxm

ནོར་དཀར་གྱི་ཕ་ཡུལ།Bxm

འདི་ན་རང་རྒྱུད་སྐྱོང་པའི་སྤོབས་སེམས་ཉམས་ཀྱང་།Bxm

བོད་པ་ཡི་གཅེས་ཕྲུགBxm

 6.jpgBxm

ཤོག་ཅིགBxm

ཡུལ་འདིར་ཤོག་ཅིགBxm

ང་ཚོས་མཉམ་དུ་ཀ་ཁ་ཀློག མཉམ་དུ་སྒྲུང་དཔེ་ལྟ།Bxm

མཉམ་དུ་མི་ཚེ་གླེང།མཉམ་དུ་འབྱུང་འགྱུར་ལ་མོས།Bxm

 5.jpgBxm

ཤོག་ཅིག དཔའ་རིས་ཡུལ་དུ་གནས་སྡོད་ལ་ཤོགBxm

ཚངས་དབྱངས་བཞུད་ཡུལ་དུ་སྙན་ངག་གིས་དྲི་ངད་རོལ་ཐུབ།Bxm

ས་པཎ་སླེབས་ཡུལ་དུ་མཐུན་སྒྲིལ་གྱིས་བདེ་འཇགས་མྱོཐུབ།Bxm

ལྕང་སྐྱ་འཁྲུངས་ཡུལ་དུ་ཆོས་དབྱིངས་ཀྱིས་ཡེ་ཤེས་སྐྱེ་ཐུབ།Bxm

བོད་པའི་རྟེན་འབྲེལ་དུ་དཔའ་རིས་ཀྱིས་དམངས་གླུ་ཐོས་ཐུབ།Bxm

1.jpgBxm

སྙིང་སྡུག་ལགས།Bxm

ང་ལ་དགའ་ན་དཔའ་རིས་ལ་ཤོག་ཅིགBxm

ངས་ཁྱོད་ལ་དུས་རབས་གསར་བའི་ནང་སྒུག་འདུག །Bxm

 Bxm

                                  ༢༠༡༧་༡༢་༤Bxm

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།