༄༅།། དགེ་རྒན་བཟང་པོ། བྲིས་པ་ཡག་པོ།
སྤེལ་དུས།  2017-11-30  རྡེབ་ཚད།   ཡོང་ཁུངས། ཁམས་པའི་བརྙན་འཕྲིན་དྲ་བ།   རྩོམ་པ་པོ། རྡོ་རྗེས་བསྒྲིགས།  རྩོམ་སྒྲིག་པ། lobsang

1.jpgiEV

དཀར་མཛེས་མི་རིགས་སློབ་འབྲིང་གི་དགེ་རྒན་བསོད་ནམས་དབང་རྒྱལ་ནི་སྤྱི་ལོ་༡༩༦༨ལོར་ཁམས་དཀར་མཛེས་རྫོང་མདའ་མདོ་ཡུལ་ཚོའི་ཆུ་མཁར་གྲོང་དུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་ཐོག་སྔགས་རམས་པ་ངག་དབང་དོན་ལྡན་སོགས་ཀྱི་དྲུང་ནས་འབྲི་ཀློག་སྦྱོང་པའི་མགོ་བརྩམས་པ་ནས་རིམ་བཞིན་མདའ་མདོ་སློབ་ཆུང་དུ་རྒན་བསོད་ནམས་དངོས་གྲུབ་སོགས་བསྟེན་སྟེ་འབྲི་ཀློག་གཉིས་ཀྱི་རྨང་གཞི་ལེགས་པོར་བཏིང་། སྤྱི་ལོ༡༩༨༢ལོར་དཀར་མཛེས་མི་རིགས་སློབ་འབྲིང་དུ་རྒན་ཚེ་རིང་རྡོ་རྗེ་དང་། རྒན་སངས་ཆོས་འཕེལ་སོགས་བསྟེན་ནས་སུམ་རྟགས་དག་གསུམ་གཙོས་སྦྱང་བྱ་ཀུན་ལ་འབད་བརྩོན་ལྷོད་མེད་བྱས། སྤྱི་ལོ༡༩༨༥ལོ་ནས་གྱ་དགུའི་བར་དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭ་ནས་འདན་ཁོག་རྒན་འཇམ་དབྱངས་དཔལ་ལྡན་མཆོག་དང་རྒན་བཀྲ་ཤིས་དོན་འགྲུབ་སོགས་ཀྱི་དྲུང་ནས་གཟབ་གཤར་དང་ལཉྩ། དག་ཡིག་ངག་སྒྲོན། སྔགས་ཀློག་ཐབས། ནག་རྩིས། རྒྱལ་སྲས་ལག་ལེན་སོ་བདུན་མ་དང་སྙན་ངག ཕྱིས་སུ་རྒན་བསོད་ནམས་ཕུན་ཚོགས་ཀྱི་དྲུང་ནས་ལམ་རིམ་བདུད་རྩི་སྙིང་པོ་དང་། རྒན་བླ་མ་བཀྲ་ཤིས་ཀྱི་དྲུང་ནས་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ། རྒན་སངས་རྒྱས་བཀྲ་ཤིས་ཀྱི་དྲུང་ནས་དབུ་མ་སོགས་ལ་སྐོམ་པས་ཆུ་འདོད་པ་བཞིན་འབད་པ་རྒྱ་ཆེར་གནང་། ༡༩༨༨ལོའི་སྐབས་སུ་སློབ་གྲྭ་སྤྱིའི་ཡིག་གཟུགས་འགྲན་བསྡུར་གྱི་ཁྲོད་གཟབ་གཤར་གཉིས་ལ་ཨང་དང་པོའི་བྱ་དགའ་ཐོབ། དེ་ནས་རི་མགོ་སློབ་ཆུང་དུ་ལོ་དྲུག་དང་། དཀར་མཛེས་བོད་ཡིག་སློབ་འབྲིང་དུ་ལོ་བཅུ་གསུམ། དཀར་མཛེས་མི་རིགས་སློབ་འབྲིང་དུ་ལོ་ལྔ་ལྷག་གི་སྐད་ཡིག་དང་བྲིས་གཟུགས་ཀྱི་དགེ་རྒན་འགན་གནང་ཞིང་། ད་ལྟའི་བར་སློབ་མ་སྟོང་ཕྲག་མང་པོ་གསོ་སྐྱོང་གནང་བ་དེ་དག་གིས་ཞིང་ཆེན་ཕྱི་ནང་ཀུན་གྱི་ལས་རིགས་སོ་སོ་ན་རང་གི་ནུས་པ་འདོན་བཞིན་ཡོད། ད་ལྟར་ཡང་གཟའ་མཇུག་སོགས་ངལ་གསོའི་ཉི་མ་དང་། གུང་གསེང་གི་སྐབས་སུ་ཡང་གླ་ཆ་སྐར་གང་ཡང་མི་ལེན་པར་ཟུར་ཁྲིད་དང་། གཞན་ཡང་སློབ་ཁྲིད་ཀྱི་ཞོར་དུ་རང་ཁྱིམ་དུ་ལོ་ན་རྒས་གཞོན་གྱི་སློབ་མ་བཞི་བཅུ་ལྷག་ལ་བོད་ཡིག་འབྲི་ཀློག་ནས་ནང་ཆོས་ངོ་སྤྲོད་གནང་བཞིན་འཚོ་ཞིང་བཞུགས་ཡོད། iEV

2.jpgiEV

3.jpgiEV

 iEV

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།