༄༅།། སློབ་གཉེར་པ་དག་གིས་ངེས་དགོས་པའི་དོན་ཚན་འགའ།
སྤེལ་དུས།  2017-12-03  རྡེབ་ཚད།   ཡོང་ཁུངས། གླིང་སྲས་བོད་ཡིག་འཕྲིན་སྟེགས།  རྩོམ་པ་པོ། ཡིག་སྒྱུར་བ། གདོང་རིགས།  རྩོམ་སྒྲིག་པ། lobsang

གཅིག གཟབ་ནན་གྱིས་གཞན་གྱི་གཏམ་བཤད་ལ་ཉན་རྒྱུའི་གོམས་གཤིས་འཇགས་དགོས། གཟབ་ནན་གྱིས་གཞན་གྱི་གཏམ་བཤད་ལ་ཉན་ན་གཏམ་བཤད་མཁན་ལ་བརྩི་བཀུར་བྱས་པ་རེད། གཟབ་ནན་གྱིས་གཞན་གྱི་གཏམ་བཤད་ཉན་པའི་སྐབས། མིག་གིས་གཏམ་བཤད་མཁན་ལ་བལྟ་དགོས་པ་ལས་གང་ཡིན་ལ་བལྟ་མི་ཆོག ནུས་ཤུགས་ཀྱིས་ཕ་རོལ་པོའི་གཏམ་བཤད་ཀྱི་གནད་འགག་ཁོང་དུ་ཆུད་པ་ལས་ཕ་རོལ་པོའི་གཏམ་བཤད་ལ་བསམ་འཆར་འདོན་རྒྱུ་དེ་གཙོ་བོ་མིན།kyA

གཉིས། སློབ་སྦྱོང་བྱེད་དུས་འཕྲོད་བསྟེན་གྱི་གོམས་གཤིས་འཇགས་དགོས།  འབྲི་ཀློག་བྱེད་སྐབས། བྱ་བ་གསུམ་བསྒྲུབ་ཐུབ་དགོས། གཅིག མིག་དང་དཔེ་ཆའི་བར་དུ་ཁྲུ་གང་རྒྱང་དགོས། གཉིས། བྲང་དང་ཅོག་ཙེའི་བར་དུ་ཁུར་ཚུར་གང་རྒྱང་དགོས། གསུམ། སྨྱུག་ཁ་དང་ལག་པའི་བར་དུ་ཚུན་གང་ཡོད་དགོས།། འབྲི་ཀློག་བྱེད་སྐབས། རྣམ་འགྱུར་དང་སྒལ་ཚིགས། ཕྲག་པ། མགོ་སོགས་དྲང་མོར་བྱེད་དགོས། འབྲི་ཀློག་བྱེད་སྐབས། འོད་གློག་འཛོམས་དགོས། འོད་གློག་ནི་རན་པོར་སྤྱོད་པ་ལས་འོད་ཆེ་བ་དང་ཡང་ན་འོད་ཞན་པའི་འོག་ཏུ་འབྲི་ཀློག་བྱེད་མི་ཉན། རླུང་འཁོར་དུ་འགྲོ་བ་དང་ལམ་དུ་རྒྱུ་བ། ཉལ་བའི་སྐབས་སོགས་སུ་དཔེ་ཀློག་བྱེད་མི་ཉན།kyA

གསུམ། སྔོན་སྦྱོང་ལ་གོམས་དགོས། སྔོན་སྦྱོང་གིས་དངོས་གཞིའི་སློབ་ཁྲིད་ཐོག་སློབ་སྦྱོང་གི་ནུས་པ་མཐོ་རུ་གཏོང་ཐུབ་དགོས་པར་མ་ཟད། རང་སྦྱོང་གི་ནུས་པ་ལ་རམ་འདེགས་བྱེད་ཐུབ་པ་དང་། སྔོན་སྦྱོང་གི་སྐབས་སུ་ནང་དོན་ལ་ནན་ཏན་དང་། ཞིབ་འཇུག རྒྱུས་ལོན་དང་ལྷག་ཏུ་སྔོན་སྦྱོང་གི་ཡིག་ཆ་ལྟ་ཞིབ་དང་གསལ་སྟོན་བྱེད་དགོས། འབྲེལ་ཡོད་ཀྱི་རྒྱུ་ཆ་དག་ལ་ཡང་སློབ་སྦྱོང་བྱེད་དགོས། འབྲེལ་ཡོད་ཀྱི་དོགས་པ་ཡོད་ཚེ་དེ་ལ་ནན་ཏན་གྱིས་བསམ་གཞིག་བྱེད་རྒྱུ་དང་ནང་དོན་མ་གོ་བའི་གཙོ་ཚིག་ལ་རྟགས་བརྒྱབ་སྟེ་སློབ་ཁྲིད་སྐབས་གཟབ་ནན་གྱིས་ཉན་རྒྱུ་དང་སློབ་སྦྱོང་བྱེད་ཐུབ་རྒྱུ་དེའོ། །kyA

བཞི། སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པའི་གོམས་གཤིས་འཇགས་དགོས།  སློབ་ཁྲིད་ལ་ཉན་རྒྱུའི་དམིགས་ཡུལ་ནི་སློབ་སྦྱོང་དང་བྱང་ཚད་མཐོ་རུ་གཏོང་བའི་གནད་འགག་ཅིག་ཡིན། སློབ་ཁྲིད་ལ་ཉན་ཚེ་སྤྲོ་སྣང་གིས་ཁེངས་པ་དང་ནུས་ཤུགས་གཅིག་སྡུད། གཙོ་གནད་དམ་འཛིན། དོགས་གཞི་སེལ་བ་དང་བསམ་གཞིག་བྱས་ཏེ་དབྱེ་ཞིབ་བྱ་རྒྱུ་བཅས་ཡིན།kyA

ལྔ།  སློབ་ཐུན་སྐབས་སུ་ཟིན་བྲིས་འབྲི་བར་གོམས་དགོས། བློ་རིག་སྒྲིམ་སྟེ་ཁྲིད་ཉན་ལ་འབད་སྐབས། རྟགས་དང་ཟིན་བྲིས་སྟབས་བདེར་འགོད་དགོས། དཀའ་གནད་དང་དོགས་འདྲི། ཐ་སྙད། ཚིག་གཙོ་བོ་བཅས་ལ་གོར་ཐིག་སོགས་ཀྱི་རྟགས་རྒྱག་ནས་གལ་ཆེ་བ་རྣམས་བློར་བྱང་བར་བྱེད་དགོས། ཉམས་མྱོང་ལས་ར་སྤྲོད་པ་ལྟར་ན། སློབ་ཁྲིད་ཁོ་ནར་ཉན་ནས་ཟིན་བྲིས་དང་རྟགས་མ་འགོད་ཚེ། སློབ་ཁྲིད་ཀྱི་ནང་དོན་ལས་30%མ་གཏོགས་ཁོང་དུ་ཆུད་མི་ཐུབ། ཐ་ན་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཡིད་ལ་བཟུང་ནའང་སློབ་ཁྲིད་ཀྱི་50%ལས་ཁོང་དུ་ཆུད་མི་ཐུབ། གལ་ཏེ། སློབ་ཁྲིད་ཀྱི་སྐབས་སུ་ནང་དོན་གཙོ་བོར་སྙུག་རྟགས་དང་ཟིན་བྲིས་བཏབ་སྟེ། ཚོགས་གྲོལ་རྗེས་ཀྱང་ཟིན་བྲིས་དག་སྒྲིག་བྱས་ན། སློབ་ཁྲིད་ཀྱི་ནང་དོན་ཡོད་ཚད་ལས་80%ཁོང་དུ་ཆུད་ཐུབ་བོ། །kyA

དྲུག སྙིང་སྟོབས་ཆེན་པོས་བསམ་གཞིག་དང་དོགས་འདྲི་ལ་གོམས་པར་བྱ་དགོས། སློབ་ཁྲིད་ལ་ནན་ཏུར་གྱིས་དོགས་འདྲི་དང་བསམ་གཞིག་རྒྱུན་དུ་གཏོང་དགོས། བསམ་གཞིག་མང་དུ་བཏང་བ་ནི་ཤེས་བྱའི་གནད་དང་བསམ་གཞིག་གཏོང་སྟངས། ཐབས་ལམ། ཤེས་བྱ་བཅས་དང་དམ་དུ་འབྲེལ་པས། འཚོ་བའི་དོན་དངོས་བཅས་ལ་བསམ་གཞིག་གནད་ཐིངས་པ་བཏང་ནས་འཐུས་ཚང་དུ་གཏོང་དགོས། དོགས་འདྲི་ནི་རང་ལ་ཅིའི་ཕྱིར་ཞེས་དྲི་བ་རེ་འགའ་བཏོན་པ་ཙམ་མ་ཡིན་པར་དགེ་རྒན་དང་སློབ་གྲོགས་རྣམས་ལ་འདྲི་གཞི་མང་པོ་བཏོན་ཚེ། ད་གཟོད་རང་ཉིད་འཕེལ་རྒྱས་སུ་གཏོང་ཐུབ། དཔེར་ན། གནད་དོན་རྟོགས་པ་དང་ཤེས་བྱ་གསོག་ཉར། གསར་གཏོད་ཡོད་ཚད། མདོར་ན་ལས་སླ་བོའི་སྒོ་ནས་གནད་དོན་ཅི་ཡང་ཐག་མི་གཅོད་པར་གཏོང་མི་སྲིད་དོ། །kyA

བདུན། ལྟ་ཚུལ་མི་འདྲ་བར་བཏོན་པར་གོམས་དགོས།  གོང་དང་དཔེ་དེབ་ཁོ་ན་ཙམ་མ་ཡིན་པར་ཡོད་ཚད་ལ་དོགས་སློང་བྱ་སྤོབས་དགོས།ལྷག་ཏུ་ལྟ་ཚུལ་རྙིང་བར་རྒོལ་པའི་སྙིང་སྟོབས་ལྡན་དགོས་ཁར་གནད་དོན་དབྱེ་ཞིབ་དང་གྲོས་བསྡུར་ལ་བྱང་བར་བྱས་ནས་སྒེར་གྱི་ལྟ་ཚུལ་བརྗོད་སྤོབས་དགོས། དེ་ལྟར་སྐད་གདངས་མཐོན་པོ་དང་ལྟ་ཚུལ་ཡང་དག གཏན་ཚིགས་རང་བཞིན་བཅས་ལ་དམིགས་བསལ་དོ་སྣང་བྱེད་དགོས་པས། སྔོན་ལ་གནད་དོན་ལ་བསམ་བློ་ཞིབ་ཏུ་གཏོང་འོས། བསམ་བློ་ནི་འཆད་པའི་སྔོན་འགྲོ་ཡིན་པས། བསམ་བློར་ཞིབ་ཚགས་ཀྱི་ཆ་ལྡན་ཚེ་འཆད་པ་ལ་ཡང་གནས་ལུགས་ཡོད་པར་མ་ཟད། གནད་འཕིགས་ཐུབ་བོ། །kyA

བརྒྱད། སློབ་ཁྲིད་ཚར་རྗེས་བསྐྱར་སྦྱོང་ལ་གོམས་དགོས། ཐུན་གྲོལ་རྗེས་ལས་བྱ་ཁོ་ན་འབྲི་བར་མི་བྲེལ་བར། སྔོན་ལ་སློབ་ཐུན་རེ་རེའི་ནང་དོན་ཡོད་ཚད་ལ་ནན་ཏན་གྱིས་བསྐྱར་སྦྱོང་བྱེད་དགོས། ཤེས་བྱའི་གནད་རྙེད་པར་བྱས་ནས་ཤེས་བྱ་དང་ཤེས་བྱའི་བར་གྱི་འབྲེལ་བ་འཚོལ་དགོས། ལྷག་ཏུ་ཤེས་བྱ་གསར་རྙིང་གི་དབྱེ་བ་གསལ་བོར་འབྱེད་དེ། གནད་དོན་ཐག་གཅོད་ཀྱི་བྱེད་ཐབས་ལ་བསམ་གཞིག་གཏོང་དགོས། རང་རྟོགས་ཀྱིས་དོགས་འདྲི་དང་བསླབ་མ་ཐུབ་པའི་ནང་དོན་ལ་ཁ་གསབ་བྱེད་དགོས། སློབ་སྦྱོང་གི་ནང་དོན་མི་འདྲ་བར་ཕན་ཚུན་བརྗེ་རེས་ཚུལ་གྱིས་བསྐྱར་སྦྱོང་བྱེད་དགོས།kyA

དགུ། ལས་བྱ་དུས་ཚོད་ལྟར་འགྲུབ་པར་གོམས་དགོས། དགེ་རྒན་དང་རང་ཉིད་ཀྱིས་བདམས་པའི་ལས་བྱ་དུས་ཚོད་ལྟར་འགྲུབ་ཏུ་འཇུག་དགོས། ལས་བྱ་འབྲི་སྐབས་ནན་ཏན་གྱིས་བསམ་གཞིག་གཏོང་ཞོར་ཡིག་གཟུགས་ལེགས་དགོས། ལས་བྱ་ལས་བྱུང་བའི་གནད་དོན་ལ་ཐག་གཅོད་ཀྱི་ཐབས་ལམ་ལེགས་པོ་འཚོལ་དགོས། ངེས་པར་དུ་དེའི་ཁྱད་ཆོས་གཙོ་བོ་དང་གཙོ་གནད་གཞིར་བཟུང་ནས་བསམ་གཞིག་གཏོང་དགོས།kyA

བཅུ། བསྐྱར་སྦྱོང་དུས་རིམ་ལ་གོམས་པར་བྱེད་དགོས། སློབ་སྦྱོང་གི་དུས་ཚོད་ངེས་ཅན་ཞིག་བརྒྱུད་རྗེས། ངེས་པར་དུ་སྦྱངས་ཟིན་པ་རྣམས་ཕྱོགས་སྡོམ་ཞིག་བྱས་ནས་ཤེས་བྱའི་བང་མཛོད་དུ་འགྱུར་བར་བྱེད་དགོས། དེ་ལྟར་བགྱིས་ཚེ་གོམ་གང་མདུན་སྤོས་ཀྱིས་ཤེས་བྱའི་བར་གྱི་འབྲེལ་བ་དང་ཁྱད་པར་ལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། ཤེས་བྱ་སྤྱིའི་གྲུབ་རྐྱེན་ལའང་ཕན་པ་ཆེའོ། །kyA

འཛམ་གླིང་མཐོང་འདོད་བློ་ཡོད་ཀྱང་། ། དེ་ཉིད་ལྟ་བྱེད་ཡི་གེ་ཡིན། ། གང་ཞིག་ཡི་གེའི་མིག་ལྡོངས་པ། ། ད་ནས་བརྩོན་པ་མ་བརྗེད་ཅིག །kyA

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།