༄༅།། ཨ་མེ་རི་ཁའི་སློབ་གྲྭ་ཆུང་འབྲིང་གིས་ཅིའི་ཕྱིར་ཕྱི་སྐད་སློབ་པ་ཡིན།
སྤེལ་དུས།  2018-01-28  རྡེབ་ཚད།   ཡོང་ཁུངས། 《བོད་ཀྱི་སློབ་གསོ།》ལས་བཤུས།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

དབྱིན་ཡིག་ནི་འཛམ་གླིང་ན་བཀོལ་སྤྱོད་བྱེད་པའི་མི་གྲངས་ཆེས་མང་བའི་སྐད་རིགས་ཤིག་ཡིན་ཞིང་། དེ་ནི་ཨ་མེ་རི་ཁའི་གཞུང་ཕྱོགས་ཀྱི་སྐད་ཆའང་ཡིན། འོ་ན་དབྱིན་སྐད་འཆད་པའི་ཨ་མེ་རི་ཁས་དབྱིན་ཡིག་ཅེས་པའི་འཛམ་གླིང་རང་བཞིན་ཅན་གྱི་སྐད་རིགས་དེ་ཤེས་ན་སྐད་ཡིག་གཞན་ཤེས་མི་དགོས་པར་འདོད་དམ་ཞེ་ན་མ་ཡིན་ཏེ། ཨ་རིས་སྔར་ནས་ད་བར་དུ་སློབ་མས་སློབ་གྲྭ་རུ་ཕྱི་སྐད་ལེགས་པར་སྦྱོང་བར་དར་སྤེལ་དང་བསྔགས་སྐུལ་བྱེད་པ་ཡིན། ཨ་རིས་སྐད་རིགས་དང་རིག་གནས་གཞན་ཞིག་ལ་སློབ་སྦྱོང་བྱེད་པའི་ཐད་ལ། རང་སྟེང་ནས་བཤད་ན། དེ་ནི་བྱ་དངོས་ཀྱི་ཁྱད་པར་དང་བྱ་དངོས་ཀྱི་རྙོག་འཛིང་རང་བཞིན་གྱི་སྦྱོང་བརྡར་ལ་ངོས་འཛིན་བྱེད་པ་ཞིག་ཡིན་པ་སྔར་ནས་ཤེས།RrP

1.jpgRrP

ལོ30ལྷག་གི་ཡར་སྔོན་དུ། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་དེའི་མངའ་འོག་གི་སྲིད་འཛིན་སྒྲིག་གཞི་སོ་སོས་ཕྱི་སྐད་སློབ་གསོ་ཡིས་དེང་སྐབས་ཨ་རིར་གལ་ཆེན་རང་བཞིན་ལྡན་པ་དེ་རྟོགས་ཏེ། གཅིག་ནས་ཕྱི་སྐད་བསླབ་ན་སློབ་མར་ནུས་པ་ལྡན་ཏེ། ཁོ་ཚོས་མི་རིང་བར་འཕྲད་སྲིད་པའི་འགྱུར་ལྡོག་དང་ཁྱད་པར་ལ་ངོས་འཛིན་བྱེད་ཐུབ་པ། གཉིས་ནས་ཕྱི་སྐད་ནི་ལག་ཆ་ཞིག་ཡིན་ཏེ། འཛམ་གླིང་གི་རྙོག་འཛིང་རང་བཞིན་དང་རྒྱལ་ཁབ་ལ་འཕྲད་པའི་དམག་འཁྲུག་སྣ་ཚོགས་སློང་བ་ལ་ཁ་གཏད་འཇལ་ཆོག་པ།RrP

ད་ལྟ། ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་མང་པོ་ཞིག་གིས་ཕྱི་སྐད་སློབ་སྦྱོང་བྱེད་དགོས་པའི་གལ་ཆེན་རང་བཞིན་ཤེས་ཡོད། གཤམ་གྱི་སྡོམ་རྩིས་འགའ་ལས་ཟུར་ཙམ་ཤེས་ཐུབ་སྟེ། ད་བར་དུ། ཕྱི་སྐད་སློབ་པར་ཐོ་འགོད་བྱས་པའི་མཐོ་འབྲིང་སློབ་མ་ཁྲི700ལྷག་ལས་བརྒལ། སློབ་གྲྭས་བཙུགས་པའི་ཕྱི་སྐད་སློབ་ཚན་གྱི་སྐད་རིགས་གྲངས་འབོར་དང་སློབ་མས་བདམས་པའི་སྐད་རིགས་གྲངས་འབོར་ཡང་རྒྱུན་ཆད་མེད་པར་གོང་ནས་གོང་དུ་འཕར་བཞིན་ཡོད། ལོ30སྔོན་དུ། ཁུལ་གཉིས་ཀྱི་སློབ་འབྲིང་གིས་ལྗར་སྐད་དང་རྒྱ་ཡིག་གི་སློབ་ཚན་བཙུགས་ཡོད། རྒྱལ་ཡོངས་སུ་ཨ་རབ་སྐད་ཀྱི་སློབ་ཚན་བཙུགས་པའི་སློབ་འབྲིང་གཅིག་ཀྱང་མེད། ད་ལྟ་ཁུལ21ཏུ་སློབ་འབྲིང་གིས་ལྗར་སྐད་སློབ་ཚན་བཙུགས་ཡོད། ཁུལ17དུ་རྒྱ་ཡིག་གི་སློབ་ཚན་བཙུགས་ཡོད་པ་དང། ཁུལ5རུ་ཨ་རབ་སྐད་ཀྱི་སློབ་ཚན་བཙུགས་ཡོད། ཡ་ལི་སཱང་ན(亚利桑那)དང་ཨ་ཁཱན་སི(阿肯色)དང་ལའོ་ཡའེ་སི་ཨཱན་ན(路易斯安那)དང་པའེ་ཁཱ་ལའོ་ལའེ་ན(北卡罗莱那)དང་ཨི་ཁའི་ལཱ་ཧའི་མ(俄克拉荷马)སོགས་ཁུལ་དུ། མིག་སྔར་སློབ་ཆུང་དུ་ཕྱི་སྐད་སློབ་སྦྱོང་བྱེད་དགོས་པའི་རེ་ཞུ་བཏོན་ཟིན། ཁུལ་མང་པོ་ཞིག་གིས་ཕྱི་སྐད་སྦྱངས་འབྲས་དེ་མཐོ་འབྲིང་མཐར་ཕྱིན་པ་དང་སློབ་ཆེན་སློབ་ཞུགས་ཀྱི་དགོས་ངེས་ཆ་རྐྱེན་ཞིག་ཏུ་རྩི་བཞིན་ཡོད།RrP

ཨ་རི་རྒྱལ་ཚོགས་ཀྱིས་ཀྱང་ཕྱི་སྐད་སློབ་པའི་གལ་ཆེན་རང་བཞིན་རྟོགས་ཏེ། 《མཐོ་རིམ་སློབ་གསོ་ཁྲིམས་གཞི》ཞིབ་དཔྱད་ཆོག་མཆན་འགོད་སྐབས། རྒྱལ་ཚོགས་ཀྱིས་ཕྱི་སྐད་དེ་དགེ་འོས་སློབ་གསོའི་གྲོས་བསྡུར་བྱ་གཞིའི་འགག་རྩ་དང་སྲོག་ཤིང་ཞིག་ཏུ་རྩིས་ནས《ཁྲིམས་གཞིའི》ནང་དུ་བཅུག་པར་མ་ཟད། ད་དུང་སྲིད་ཇུས་ཤིག་གཏན་འབེབས་བྱས་ནས། ཕྱི་སྐད་དེ་མཐོ་རིམ་སློབ་གྲྭ་སྡུད་ལེན་བྱེད་པའི་དགོས་ངེས་ཆ་རྐྱེན་ཞིག་ཏུ་རྩི། ཉེ་བའི་ལོར་སྐད་རིགས་སྣ་ཚོགས་ཀྱི་སློབ་གསོར་མ་དངུལ་ཇེ་མང་དུ་གཏོང་བ་ལས་གཞན། རྒྱལ་ཚོགས་ཀྱིས་ཨ་སྒོར་ཁྲི2000ཀྱི་གྲོན་དངུལ་བཏང་ནས་སྐད་རིགས་སློབ་ཁྲིད་མ་དཔེའི་ཞིབ་འཇུག་ལ་རོགས་དངུལ་སྤྲད་པའོ། །RrP

འོ་ན་ཅི་ཞིག་གིས་རྒྱལ་ཚོགས་ཀྱིས་འདི་ལྟར་སྒྲུབ་པར་སྐུལ་འདེད་བྱས་པ་ཡིན་ཞེ་ན། དཔལ་འབྱོར་འགྲན་སྡུར་གྱི་དགོས་མཁོ་ནི་རྒྱུ་རྐྱེན་གཅིག་ཡིན། གྲོས་གཞི་གསར་བ་འགའ་རུ། དཔེར་ན། 《འཛམ་གླིང་ཡོངས་ཀྱི་སློབ་གསོ་གོ་སྐབས་ཁྲིམས་གཞི》དང《ཕྱི་སྐད་ཀྱིས་དཔལ་འབྱོར་འཕེལ་རྒྱས་གོང་དུ་སྤེལ་བའི་གྲོས་གཞི》སོགས་སུ་ཞིབ་ཕྲའི་དོན་ཚན་འདུ་ཞིང། རྒྱལ་ཕྱིའི་སྐད་ཡིག་གི་སློབ་གསོ་མཁོ་འདོན་བྱེད་པ་ལ་བརྟེན་ནས་ཁྲོམ་རའི་ཕྱིར་གཏོང་གི་འཕེལ་རྒྱས་དང་རྒྱལ་སྤྱིའི་མ་རྩ་གཏོང་བར་འགུགས་པ་དང། གཞན་ལས་ཞུགས་ཕྱོགས་ཀྱི་སྐད་རིགས་གཉིས་པ་སྟེ་ཕྱིའི་སྐད་ཡིག་གི་དགོས་མཁོ་སྐོང་བ་རེད།RrP

རྒྱལ་ཚོགས་ཀྱི་ཚོགས་མིས་ཀྱང་ཕྱི་ཡིག་དང་རྒྱལ་སྤྱིའི་རིག་གནས་སྦྱངས་ན་རྒྱལ་ཁབ་ཀྱི་བདེ་འཇགས་གནས་ཚུལ་ཇེ་ལེགས་སུ་ཡོང་བར་ཕན་པ་ཡོད་པ་རྟོགས་ཏེ།“བྱེ་རླུང་འཚུབ་མའི་འགུལ་སྐྱོད”ཀྱི་ཁྲོད་དུ། མནའ་འབྲེལ་རྒྱལ་ཁབ18ཀྱིས་ཕན་ཚུན་ལ་སྐད་རིགས་འབྲེལ་འདྲིས་དང། འགུལ་སྐྱོད་མཐུན་སྦྱོར་བྱེད་དགོས། སྐབས་དེར་དབུས་ཤར་ས་རྒྱུད་ཀྱི་གཡུལ་ས་ན་ཨ་རིའི་དམག་ཁྲི50ཡི་ནང་ན་མི་ལྔས་མ་གཏོགས་ཨ་རག་དང་ཡུ་རག་གི་སྐད་མི་ཤེས་པ་རེད།RrP

རྒྱལ་སྤྱིའི་རིག་གནས་ཤེས་བྱ་དང་ས་ཁོངས་རང་བཞིན་གྱི་རིག་གནས་གཉིས་འབྲེལ་འདྲིས་བྱེད་པ་དེས་ཟིང་ཆ་ལྷོད་འཇགས་དང་གོ་ལོག་ཐེབས་པ་སེལ་བར་མ་ཟད། གྲོས་མོལ་གཅིག་མཐུན་དུ་ཡོང་བར་ཕན་པའི་རྩ་བའི་རྒྱུ་རྐྱེན་ཡང་ཡིན། འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གཏོར་བརླག་དང། དབུལ་ཕོངས། མུ་གེ་བཅས་ཀྱི་ཚབས་ཇེ་ཆེ་དང་། ནུས་ཁུངས་ཉམས་ཉེན། དྲག་ཆས་ཇེ་མང་སོགས་ཀྱི་གནད་དོན་ལ་འཕྲད་ཀྱིན་ཡོད་པ་རེད། མི་སྒེར་དང་རྒྱལ་ཁབ། གོ་ལ་ཧྲིལ་བོ་འདིའི་བདེ་འཇགས་ནི་འཛམ་གླིང་གི་གནད་དོན་འདི་དག་ལ་ཤེས་རྟོགས་དང་རྒྱུས་ལོན་བྱེད་པར་འབྲེལ་བ་ཡོད།RrP

འོ་ན་ཕྱི་ཡིག་སྦྱངས་ན་དཔལ་འབྱོར་རམ་ཕྱི་ཕྱོགས་ཞབས་ཞུའི་ལས་གནས་ལ་སྙེག་པའི་སློབ་མ་དག་ཁོ་ན་ལ་མ་གཏོགས་དགོས་མཁོ་མེད་དམ་ཞེ་ནའང་མ་ཡིན་ཏེ། ཕྱི་ཡིག་བསླབ་ན་སློབ་མ་ཚང་མར་ཕན་པ་ཡོད་དེ། སྐད་ཡིག་གཞན་ཞིག་སྦྱངས་ན་མི་དེའི་རྟོགས་ནུས་དང་སློབ་སྦྱོང་གི་ནུས་པ་མཐོ་རུ་འདེགས་ཐུབ་པར་མ་ཟད། མི་རིགས་གཞན་གྱི་རྩོམ་རིག་དང་རིག་གནས་ལ་སློབ་སྦྱོང་བྱས་ནའང་མི་དེའི་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་འགྲོ་ལ། ལྟ་ཚུལ་གསར་བའམ་ལྟ་ཚུལ་རྙིང་བ་གང་ཞིག་འཛིན་པར་ཐབས་ལམ་གསར་བ་སྩོལ་བ་མ་ཟད། སློབ་མ་ལ་བློ་རིག་གི་འགྲན་རྩོད་ལྡན་པ་རེད།RrP

ཨ་རིའིJ·ཏ་ཝེ་འེ་ཏུ་ཧྭ་ཙི་ཡིས་སློབ་གསོའི་བཅོས་སྒྱུར་ནི་གལ་སྲིད་དོན་སྙིང་ལྡན་པའི་བཅོས་སྒྱུར་ཞིག་བྱ་དགོས་པ་ཡིན་ན། ངེས་པར་ཕྱི་ཡིག་སྦྱངས་པ་ནས་མགོ་རྩོམ་དགོས་པ་དང་། དེ་ལྟར་མ་བྱས་ཚེ། ལོ་དུ་མའི་རྗེས་སུ་འགྱུར་ལྡོག་བར་མེད་ཁྲོད་གནས་པའི་འཛམ་གླིང་གི་མི་རྣམས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱ་དཀའ་བ་དང་། མི་རྣམས་ཀྱི་ཁ་གཏད་དུ་གནས་པའི་གནད་དོན་གང་རིགས་ལ་གདོང་གཏོད་མི་ནུས་སོ། ། ཞེས་གསུངས་སོ། །RrP

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།