༄༅།། ཁ་བྱང་གཅིག་པའི་རྩོམ་ཡིག་མཉམ་བྲིས་ཐེངས་ལྔ་བ། ཁ་བཤད་ལག་ལེན།
སྤེལ་དུས།  2017-12-04  རྡེབ་ཚད།   ཡོང་ཁུངས། དྲ་རྒྱ་ལས་བཏུས།  རྩོམ་པ་པོ། རྩོམ་ནང་དུ་གསལ།  རྩོམ་སྒྲིག་པ། lobsang

        ཁ་བཤད་ལག་ལེན། dXz

ལག་སྟོང་ཕྱི་མར་འགྲིམ་པ་མང་ན་འང་།།dXz

རང་ཉིད་འགྲོ་དུས་ལག་སྟོང་མིན་པར་སྨོན།།dXz

ཁ་བཤད་ཆོས་ལ་མཁས་པ་མང་ན་ཡང་།།dXz

རང་ཉིད་ཁ་སྟོང་སྤྲང་བོ་མིན་པར་སྨོན།།dXz

ལེགས་བཤད་ལག་གིས་བྲིས་པ་མང་ནའང་།།dXz

བྲིས་པ་རང་གིས་ཉམས་སུ་ལོན་པར་སྨོན།།dXz

བསླབ་བྱ་གཞན་ལ་འདོམས་པ་མང་ན་འང་།།dXz

རང་གི་བསླབ་བྱ་རང་གིས་བརྩི་བར་སྨོན།། dXz

                      མིག་ཕྲ་ཆུང་ནས།dXz

 dXz

        ཁ་བཤད་ལག་ལེན།dXz

མཐུན་སྒྲིལ་མཐུན་སྒྲིལ་ཟེར་ནས།།dXz

ཁ་ནས་བཤད་པའི་གཏམ་དེའི།།dXz

བོད་པའི་བུ་ཆུང་ཁྱོད་ཀྱིས། །dXz

ཁ་བཤད་ལག་ལེན་བྱེད་དགོས།།dXz

 dXz

    ཁ་བཤད་ལག་ལེན། dXz

ཨ་མའི་བུ་ཆུང་ལོ་ལོ། །dXz

ཁ་བཤད་ལག་ལེན་ཡོད་ན།།dXz

བོད་པའི་ནང་འཁྲུག་མ་བྱེད།།dXz

མཐུན་སྒྲིལ་ཟེར་བ་དེ་ཡིན།། dXz

      བྲག---མེ་འོད་ཀྱིས།dXz

 dXz

        ཁ་བཤད་ལག་ལེན། dXz

རི་བ་གངས་རིའི་གཞོན་ནུ་ཚོ།།dXz

རང་རིགས་རྒུད་པར་མི་འདོད་ཞིང་།།dXz

གཞན་གྱིས་སྨོད་པར་མི་འདོད་ན།།dXz

མེས་པོའི་ཤུལ་བཞག་སྐད་ཡིག་སོཊ།།dXz

རིན་ཆེན་གསེར་ལས་ལྷག་པ་འདི།།dXz

རྒྱུད་འཛིན་ངག་ཙམ་མི་ཡིན་པར།།dXz

དོན་གྱིས་ལག་ལེན་ཡོད་པར་མཛོད།།dXz

                       ཐར་བློས།།dXz

 dXz

          ཁ་བཤད་ལག་ལེན། dXz

ཁ་ནས་ལ་རྒྱའི་མ་ཎི་འདོན་མཁན་ཚོ།།dXz

ཁ་བརྡས་གཞན་སྐད་བཤད་པའི་བླུན་པོ་འགས།།dXz

ཁ་ཟས་གྱོན་ལྭ་ཆེད་དུ་ཁྱི་ལྟར་འཁྱམས།།dXz

ཁ་བའི་ནོར་བུ་དོར་ནས་གཞན་འབྲངས་སྐྱོ།།dXz

                      ཁམས་སྲས།dXz

 dXz

         ཁ་བཤད་ལག་ལེན། dXz

ཀ་ཁ་ངག་ལ་གྱེར་མཁན་ཚོ།dXz

ཁ་ནས་ཕ་སྐད་གཙང་མ་ཟེར།dXz

ག་དུས་ཡིན་ཡང་ར་མ་ལུགdXz

ལག་ལེན་མ་ཐུབ་སྙིང་པོ་ཅི།dXz

   ༒ཧོར་སྤྲིན་ནག་དེས།dXz

 dXz

                 ཁ་བཤད་ལག་ལེན། dXz

ཁ་ནས་གླེང་ན་ལྷ་སྐུ་ཆོས་སྐུ་བཞེངས།།dXz

ལག་ཏུ་སྟར་ན་ཁ་ཆུ་སྣ་ཆུ་ལུག།dXz

དེའི་ཕྱིར་ཁས་ནས་བཤད་པ་ལག་ལེན་དུ།།dXz

སྒྲུབ་དུ་ནུས་བ་གལ་འགངས་ཆེ་བར་སེམས།།dXz

                     གཉན་ཕྲུག་ནས།dXz

 dXz

                     ཁ་བཤད་ལག་ལེན། dXz

ཁ་བཤད་དོན་ལ་གནས་པའི་ཁམས་ཕྲུག་དང་།    །dXz

བསྐད་ཡིག་ཉམས་གསོ་བྱེད་པའི་གདོང་དམར་བ།  །dXz

ཕ་ཡུལ་གངས་ཅན་ཡིན་པ་བསོད་རྣས་རེད།   །dXz

རང་བསྐད་རང་ཡིག་མ་སྟོང་ཨ་མའི་བུ།།dXz

            ཁམས་འགྲོ་འདུལ་ནས།།dXz

 dXz

                   ཁ་བཤད་ལག་ལེན། dXz

གངས་རི་ར་བས་སྐོར་བའི་ཆོས་ལྡན་བོད་པ་ཚོ་།dXz

ཁ་བཤད་དོན་ལ་གནས་དགོས་སྤུན་ཟླ་ཚོ་།dXz

མི་ལུས་བོད་ལ་སྐྱེས་པ་ང་ཚོའི་བསོད་ནམ་ལགས་།dXz

རང་སྐད་རང་གིས་གཅེས་དགོས་གདོངས་དམར་བོད་།dXz

                   གངས་ཅན་བོད་པ།dXz

 dXz

          ཁ་བཤད་ལག་ལེན་།dXz

ཁ་ནས་མཐུན་སྒྲིལ་ཟེར་མཁན་མང་པོ་རེད་།dXz

དངོས་སུ་ལག་ལེན་བྱེད་མཁན་ཉུང་ཉུང་རེད།dXz

ང་ཚོའི་ནང་འཛིང་ནང་གི་མ་བྱེད་ན་།dXz

མི་རིགས་མཐུན་སྒྲིལ་ཟེར་བ་འདི་འདྲ་རེད་།dXz

                 ༈རྩམ་པ་ཟ་མཁན་ནས་།dXz

 dXz

                 ཁ་བཤད་ལག་ལེན། dXz

དམར་དམར་ལྕེ་ཡི་སྐད་ཆ་བཤད་པའི་སྐབས།།dXz

དཀར་དཀར་ཀླད་པ་ཀྲུགས་རྒྱུ་མ་བརྗེས་གཅིག།dXz

བསམ་བསམ་མེད་པའི་སྐད་ཆ་བཤད་དྲག་ན།།dXz

བསམ་བསམ་མེད་པའི་ལག་ལེན་ཁྱོལ་ལ་དཀའ།dXz

             བསྟན་འཛིན་བློ་གྲོས་ནས།།dXz

 dXz

              ཁ་བཤད་ལག་ལེན། dXz

སྟོང་བར་ཟད་པའི་ཁ་བཤད་ལྦུ་བ་ལས།།dXz

དོན་ལྡན་ལག་ལེན་གསེར་གྱི་ཐུར་མ་གཙོ།dXz

ཁ་སྟོང་ལག་སྟོང་གཡམ་རྒྱུག་ཁོ་ན་ལས།།dXz

བློ་གྲོས་རིག་པའི་དཔྱད་པར་འོས་སོ་སྙམ།།dXz

ལམ་གཅིག་གིས།dXz

 dXz

              ཁ་བཤད་ལག་ལེན། dXz

ཆོས་ཀྱི་རང་བཞིན་གཏན་ཕབ་པའི།།dXz

གཏན་ཚིགས་བརྟེན་པའི་རྟོག་གེ་པ།།dXz

རང་རྒྱུད་ཆོས་ཀྱིས་འདུལ་མེད་ན།།dXz

ལྟ་གྲུབ་མང་པོས་ཅི་མི་ཕན།།dXz

                མྱིའུ། dXz

 dXz

          ཁ་བཤད་ལག་ལེན།dXz

གཏམ་ཆེན་པོ་ཁ་ནས་མ་བཤད།dXz

དོན་ཆེན་པོ་ལག་ལེན་བྱེད་དགོས།dXz

དེ་ཨེ་ཕོད་ཨ་རོགས་སྤུན་ཟླ།dXz

དེ་མིན་ན་ཁ་ནས་མ་བཤད།dXz

       ལས་ཀྱི་ལོ་མས།dXz

 dXz

              ཁ་བཤད་ལག་ལེན།dXz

ཁ་སྙན་པོ་སུས་ཀྱང་བཤད་ཤེས་པའི།dXz

དོན་ངོ་མའི་ལག་ལེན་བྱས་པ་དཀའ།dXz

བརྗིད་ཆགས་པའི་ཁྲོན་པ་མཛེས་ན་ཡང།dXz

ཆུ་མེད་ན་མཛེས་ཀྱང་ཕན་མེད་རེད།dXz

 dXz

བོད་རིག་ཟེར་བའི་མི་རིགས་འདི།  dXz

ཁ་ནས་ལ་རྒྱ་གླེང་མཁན་མང་པོ་རེད།   dXz

ལ་རྒྱ་དོན་འཁྱོལ་བྱེད་མཁན་རེ་གཉིས་རྩམ།   dXz

དངུལ་ལོར་བྱུང་ན་ཐམས་བཅད་ཚོང་ལེ་རེད།dXz

 dXz

             ཁ་བཤད་ལག་ལེན།dXz

ཁ་བཤད་ཕུགས་འདུན་སྟོང་བསམ་ཅན།dXz

ལག་ལེན་གསེར་ཐེག་རིན་ཐང་ཅན།dXz

དོན་འགྲུབ་ནོར་བུ་སྤུན་ཟླ་ཚོ།dXz

ཁ་བཤད་མིན་པ་ལག་ལེན་ཡིན།dXz

     འབྲོག་རང་འཚོལ།dXz

 dXz

           ཁ་བཤད་ལག་ལེན།dXz

མཛེས་ལྡན་ཁ་བ་ཡི་ལྗོངས་དེར།dXz

དྲིན་ཅན་ཡབ་ཡུམ་ལ་བཞག་པའི།dXz

 ཁ་བཤད་བདག་ཉིད་ཀྱི་དམ་བཅའ།dXz

ལག་ལེན་གཞན་ཡུལ་ནས་སྒྲོག་ཡོད། dXz

        གཙང་ཡོན་ཏན་རྒྱ་མཚོ་ནས།dXz

 dXz

                 ཁ་བཤད་ལག་ལེན།dXz

སྔོན་བྱོན་མཁས་པའི་གདམས་ངག་དང་། །dXz

གཉེནབཤེས་དག་གི་བསླབ་བྱ་སོགས། །dXz

ངམ་གྲོག་ཡུལ་གྱི་མིང་བུ་ངས། །dXz

ཁ་བཤད་ལག་ལེན་མེད་འདི་སྐྱོ། །dXz

          སྒང་ བཀྲ་ཤིས་བུ་ལགས།dXz

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།