༄༅།། སྐབས་གསུམ་པའི་རྔ་གཡང་ཕྱུག་མོའི་སློབ་མའི་རིག་རྩལ་སྤྲོ་ཚོཊ་ཆེན་མོ།
སྤེལ་དུས།  2017-11-10  རྡེབ་ཚད།   ཡོང་ཁུངས། འཁར་རྔ་དམངས་སྲོལ་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

捕获.JPG1.JPGJbM

གཞོན་གསར་སྟོང་གི་ལང་ཚོའི་གཟི་དཔལ།། ཕ་ཡུལ་དགའ་བའི་དཔལ་དུ་བཞད་ཡོད།།JbM

捕获.JPG2.JPG JbM

阿坝学子,敬家乡。JbM

捕获.JPG3.JPGJbM

ཡོད་ཚོད་རེ་བ་དང་འབྲས་བུའི་གཏམས་པའི་ལོ་རྙིང་ཞིག་ཕར་བསྐྱལ་ཏེ་བཀྲ་ཤིས་གཡང་ལ་འཁྱིལ་བའི་གནམ་ལོ་གསར་པ་ཞིག་ཚུར་བསུ་ལ་ཁད་ཀྱི་དུས་འདིར། ང་ཚོའི་སྐབས་གསུམ་པའི་“རྔ་གཡང་ཕྱུག་མོའི་སློབ་མའི་ལོ་སར་སྤྲོ་ཚོགས”་དེ་ཡང་གྲ་སྒྲིག་བྱེད་པའི་དུས་ལ་ཐོན། སྤྲོ་ཚོགས་འདི་ནི་ཕ་ཡུལ་རྔ་བའི་སློབ་མ་ཡོངས་ལ་རང་གི་ཕ་ས་ཕ་ཡུལ་དང་།ཕུ་ནུ་མིང་སྲིང་དག་ལ་གླུ་དང་གར་གྱི་ལྟད་མོ་བཤམ་སའི་གར་སྟེགས་ཤིག་ཡིན་ལ། རང་གི་སྒྱུ་རྩལ་གྱི་འཆར་ཡན་ལ་བློ་རིག་གི་འདབ་ལག་རྒྱས་སའི་གར་སྟེགས་ཤིག་ཀྱང་ཡིན། ད་ལོའི་སྤྲོ་ཚོགས་འདི་སྐབས་སྔོན་མ་གཉིས་དང་བསྡུར་ན།ལྟད་མོ་དང་རྩེད་རིགས་ཀྱི་རྣམ་གྲངས་ཕུན་སུམ་ཅེ་ཚོགས་སུ་བཏང་ཡོད་པས། རྩེད་མོ་དེ་རིགས་ལ་མོས་པ་དང་འཇོན་ནུས་ཡོད་མཁན་གྱི་ཕ་ཡུལ་རྔ་བའི་སློབ་མ་དག་དུས་ལྟར་ཚབ་ཞུགས་བྱེད་པར་དགའ་བསུ་གྲངས་མེད་ཞུ།JbM

༡. ཚབ་ཞུགས་བྱེད་མཁན། JbM

 JbM

རྔ་བའི་སློབ་མ་ཡོངས། JbM

 JbM

༢. རྩེད་རིགས་ཀྱི་རྣམ་གྲངས།      JbM

  JbM

    ( ༡ ). གླུ་གཞས།: རྐྱང་གཞས། མཉམ་ལེན། དཀྲོལ་ལེན །JbM

    ( ༢ ).  བྲོ་གར།:  དེང་རབས་ཞབས་བྲོ། བོད་བྲོ། སྲོལ་རྒྱུན་ཞབས་བྲོ།JbM

    ( ༣ ). བཤད་པ།:   ཁ་ཤགས གྱེར་འདོན། བཞད་གར། JbM

    ( ༤). སྒྱུ་རྩལ་འགྲེམ་སྟོན།: མི་སྒེར་གྱི་ཡིག་གཟུགས་དང་། རི་མོ།  པར་རིས་འགྲེམ་སྟོན་བྱེད་པ། རང་གི་བརྩམས་ཆོས་དངོས་ཡིན་དགོས་པ།JbM

   (༥ ). འགོ་འཛིན།: བོད་སྐད།རྒྱ་སྐད།དབྱིན་སྐད།JbM

 JbM

༣. རྩེད་རིགས་ཀྱི་ཆ་རྐྱེན།JbM

 JbM

     ( ༡ ) ནང་དོན་གྱི་ཆ་ནས་མི་རིགས་དང་ས་གནས་རིག་གནས་ཀྱི་རྨང་གཞི་མ་བོར་བའི་ཐོག་ཏུ་གསར་བཏོད་ཀྱི་ཁྱད་ཆོས་ཡོད་དགོས་ལ། རྣམ་པའི་ཐད་ནས་སྣ་མང་ཅན་དུ་བརྩོན་པ་གལ་ཆེ། རང་གི་བརྩམས་ཆོས་དངོས་ཡིན་ན་དམིགས་བསལ་གྱི་གོ་སྐབས་སྤྲད་ངེས། JbM

    (༢)རྩེད་མོ་རེ་རེའི་དུས་ཡུན་སྐར་༣ནས་༥བར་ཡིན་དགོས་པ།JbM

 JbM

༤. ཉམས་འཇོག་བྱ་ཡུལ།JbM

       ( ༡ ) འཁྲབ་སྟོན་བྱེད་མཁན་ཚང་མ་རང་བསམ་དུ་དང་བླངས་བའི་ངོས་ནས་ཞུགས་པ་ལས་དཔལ་འབྱོར་གྱི་ཡོང་སྒོ་གང་ཡང་མེད།JbM

       ( ༢ ) མཐའ་མའི་འཁྲབ་སྟོན་དུ་བདམ་ཐོན་བྱུང་བའི་རྩེད་རིགས་པ་དག་གིས་སྒོར་ཉིས་བརྒྱ་གཏའ་མ་རུ་འཇོག་དགོས། འཁྲབ་སྟོན་ཚར་རྗེས་ཕྱིར་སྤྲོད་ངེས་ཡིན། གལ་ཏེ་རྒྱུ་རྐྱེན་གང་རུང་གིས་འཁྲབ་སྟོན་དུ་ཞུགས་མ་ཐུབ་ན་སྒོར་ཉིས་བརྒྱ་དེ་དགོང་ཚོགས་ཀྱི་འགྲོ་སྒོ་རུ་གཏོང་ངེས་ཡིན།  JbM

༥. མིང་ཐོ་འགོད་ཡུན་དང་ས་གནས། འབྲེལ་བ་བྱེད་ཡུལ།  JbM

      (༡)མིང་ཐོ་འགོད་ཡུན།:༢༠༡༧ལོའི་ཟླ༡༡པའི་ཚེས་༧ནས༢༠༡༧ལོའི༡༡པའི་ཚེས༢༧བར་ཡིན། JbM

      (༢)ཡུལ་དངོས་ནས་མིང་ཐོ་འགོད་པ། :འཁར་རྔ་དམངས་སྲོལ་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་།ཁལ་པ་ཁོ་ཧྥེ། ༼  གསེར་དར་དངུལ་ལུང་གི་ཁང་རྩེག་དགུ་བའི་ཁང་མིག་ཉེར་གསུམ་པ།༽ སྐར་གསུམ་རིང་དུ་རང་ཉིད་ངོ་སྤྲོད་དང་སྐར་ལྔའི་རིང་དུ་རང་གི་རྩེད་རིགས་འཁྲབ་སྟོན་དང་བརྩམས་ཆོས་ངོ་སྤྲོད་བྱེད་དགོས། JbM

        ( ༣ ) དྲ་ཐོག་ནས་མིང་ཐོ་འགོད་པ།  :རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་དང་རྩེད་རིགས་བརྙན་དུ་ཕབ་ནས་སྐུར་དགོས། དྲ་ཐོག་ནས་མིང་ཐོ་འགོད་མཁན་དག་གིས་འོག་གི་བཤེར་རིས་བརྒྱུད་ནས་འབྲེལ་བ་བྱེད་རོགས།JbM

640.webp (6).jpgJbM

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།