༄༅།། མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པས་གྲངས་རིག་རྩིས་རྒྱག་འགྲན་སྡུར་སྐབས་བཞི་བ་འི་བྱ་འགུལ་སྤེལ།
སྤེལ་དུས།  2017-11-27  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།   རྩོམ་པ་པོ། མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པ།  རྩོམ་སྒྲིག་པ། lobsang

སྤྱི་ལོ2017ལོའི་ཟླ11པའི་ཚེས17ཉིན་གྱི་ཕྱི་དྲོ།  གཅན་ཚ་རྫོང་མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པས་སློབ་ཆུང་སློབ་མའི་གྲངས་རིག་རྩིས་རྒྱག་འགྲན་སྡུར་སྐབས་བཞི་བའི་བྱ་འགུལ་དེ་སློབ་གྲྭའི་དཔེ་མཛོད་ཁང་གི་ནང་ནས་སྤེལ། ཐེངས་འདིའི་འགྲན་སྡུར་ནང་དུ་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་འཛིན་གྲྭ་སོ་སོ་ནས་མི་གསུམ་རེ་བཅས་སློབ་མ66ཞུགས་ཡོད།bLv

ད་ཐེངས་ཀྱི་གྲངས་རིག་རྩིས་རྒྱག་འགྲན་སྡུར་གྱི་ནང་དུ་ཞུགས་པའི་ལོ་རིམ་གཉིས་པ་ཡན་གྱི་འགྲན་ཞུགས་སློབ་མ་རྣམས་ནི། ངེད་སློབ་སྟོན་ཁང་གིས་གྲངས་རིག་དགེ་རྒན་རྣམས་ཀྱིས་ཟླ་རྒྱུགས་ཐེངས་གཉིས་དང་བར་རྒྱུགས་བླངས་ཡོད་པའི་སློབ་མའི་སྐར་གྲངས་ལ་དབྱེ་ཞིབ་བྱས་ཏེ། འཛིན་གྲྭ་སོ་སོའི་ནང་གི་སྐར་འབྲས་ཞན་པའི་སློབ་མ་གསུམ་རེ་འདེམས་ནས་རྩིས་རྒྱག་འགྲན་སྡུར་གྱི་ནང་ལ་ཞུགས་སུ་བཅུག་པ་དང་། ལོ་རིམ་དང་པོའི་འཛིན་གྲྭ་སོ་སོའི་ནང་ནས་སྐར་འབྲས་འབུར་ཐོན་བླངས་ཡོད་པའི་སློབ་མ་གསུམ་རེ་འདེམས་པ་ཡིན།  འགྲན་སྡུར་བྱེད་ཕྱོགས་ཀྱི་རྣམ་པ་འདི་ལྟར་བསྒྱུར་དགོས་པར་དམིགས་ཡུལ་གསུམ་ཡོད་དེ།bLv

ནམ་རྒྱུན་སློབ་སྦྱོང་གི་ཐད་དཀའ་ཁག་ཡོད་པའི་སློབ་བུ་སྐོར་ཞིག་ནི་ཤེས་བྱའི་འགྲན་སྡུར་སྣ་ཚོགས་ལ་ཞུགས་རྒྱུ་གོ་སྐབས་མེད་པ་དང་། ཁོ་ཚོར་དུས་དང་རྣམ་པ་ཀུན་ཏུ་བྱ་དགའ་རེག་པའི་སྐལ་བ་མི་ལྡན་པ་སོགས་ལ་དམིགས་ནས། གྲངས་རིག་རྩིས་རྒྱག་གི་ནུས་པ་ཆེས་ཞན་པའི་སློབ་བུ་འདི་དག་ལ་འགྲན་སྡུར་དུ་ཞུགས་པའི་གོ་སྐབས་དང་བྱ་དགའ་ལེན་པའི་སྐལ་བ་ལྡན་དུ་བཅུག་སྟེ། བརྩོན་སེམས་ཡར་བསྐྱེད་དང་ཡིད་ཆེས་ཀྱི་འདུན་པ་སྐྱེད་སྲིང་བྱེད་པ་དང་གཅིགbLv

རྗེས་ལུས་བག་འཁུམས་དང་ཡིད་ཆད་བློ་ཕམ་གྱི་ཀློང་ན་འཚོ་བའི་ཁོ་ཚོ་ལའང་འགྲན་སྡུར་དུ་ཞུགས་ནས་བྱ་དགའ་ལེན་ཐུབ་པའི་སྤོབས་པ་བསྩལ་སྟེ། སླད་མར་སློབ་སྦྱོང་གི་ཁྲོད་ནས་རང་ཉིད་ཀྱིས་ཀྱང་བྱ་དགའ་ལེན་ཐུབ་པའི་ཡིད་ཆེས་ཀྱིས་བསམ་བློའི་འདུ་ཤེས་དྲག་པོ་བརྟས་སུ་འཇུག་པ་དང་གཉིས།bLv

ལོ་རིམ་དང་པོའི་སློབ་མ་རྣམས་ནི་སློབ་ཆུང་གི་སྒོ་ཐེམ་ཐོག་མར་འགྲིམས་པའི་ལོ་ཐོག་མ་ཡིན་པས། འགྲན་ཞུགས་པ་ཡོངས་ལ་བྱ་དགའ་འཐོབ་ཏུ་འཇུག་ཆེད་འཛིན་གྲྭའི་ནང་ནས་རྩིས་རྒྱག་གི་ནུས་པ་ཆེས་ལེགས་པའི་སློབ་མ་གསུམ་རེ་འདེམས་ནས་འགྲན་སྡུར་དུ་ཞུགས་སུ་བཅུག སློབ་ཆུང་གི་རིམ་པ་ནས་ཆེས་ཐོག་མར་བྱ་དགའ་འཐོབ་ཏུ་བཅུག་སྟེ་སློབ་གྲྭར་དགའ་བ་དང་སློབ་སྦྱོང་ལ་དགའ་བའི་དགའ་སྣང་སྐྱེད་སྲིང་བྱེད་པ་དང་གསུམ་བཅས་སོ།།bLv

ཐེངས་འདིའི་འགྲན་སྡུར་ཁྲོད་སློབ་མ42ལ་བྱ་དགའ་ཐོབ་པ་དང་། བྱ་དགའ་འཐོབ་ཚད་འགྲན་ཞུགས་སྤྱིའི་མི་གྲངས་ཀྱི63.6%ལ་སླེབས།  འགྲན་སྡུར་འདི་བྱས་པ་བརྒྱུད། སློབ་སྦྱོང་ལ་ཞན་པའི་སློབ་མ་རྣམས་ཀྱི་བསམ་བློའི་སྟེང་སྤོབས་པ་དང་སྙིང་སྟོབས། ཡིད་ཆེས་ཀྱི་ཁེངས་ནས། རྗེས་ཕྱོགས་སློབ་སྦྱོང་ལ་འབད་པ་བྱེད་འདོད་ཀྱི་ཆོད་སེམས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་སྲིད་།bLv

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།