༄༅།། ཕ་ཡུལ་གྱི་ཉི་ནུབ་དྲན་པ།
སྤེལ་དུས།  2017-11-25  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། གྱིན་འདའ་བ། ཁྲི་འདུ།  རྩོམ་སྒྲིག་པ། lobsang

ཉི་མའི་འོད་མདངས་དེ་ནུབ་ལ་ཉེར་ཞིང་།།3dt

སྤྲིན་པ་ལེབ་མོ་ཞིག་དབྱིངས་སུ་ཡལ་དུས།།3dt

ནུབ་ཁའི་ལྷིང་འཇགས་ཀྱི་མཛེས་པ་རྒུམ་པའི།།3dt

ཕ་ས་གསེར་གཞུང་གི་རུ་སྡེ་དྲན་ཁུ།།3dt

 3dt

རི་མགོའི་དར་ལྕོག་གི་གཡོབ་སྒྲའི་འོག་ནས།།3dt

རི་སྐེད་ལ་གཞས་ཀྱི་དབྱངས་རྟ་ཐོས་ཤིང་།།3dt

རི་འདབས་སྤང་གཞུང་གི་པང་ན་ཁོད་པའི།།3dt

ཕ་ས་གསེར་གཞུང་གི་དྲོལ་ཁོལ་དྲན་ཁུ།།3dt

 3dt

ཆུ་བོ་ཤང་ཤང་གི་འབབ་སྒྲའི་བརྒྱུད་ནས།།3dt

བེའུ་ལི་ཁྲ་ཁྲ་དག་མཆོང་ལྡིང་རྩེན་ཞིང་།།3dt

ཉི་མའི་གྲིབ་སོ་དེ་རི་སྐེད་ཐེག་པའི།།3dt

ཕ་ས་གསེར་གཞུང་གི་ཉི་ནུབ་དྲན་ཁུ།།3dt

 3dt

ལུག་ཁྱུ་སྡེ་མཐའ་ནས་འབའ་སྒྲ་སང་སེང་།།3dt

ནོར་ཁྱུ་ལྷས་འདབས་ནས་ངུར་སྒྲ་ཤུར་ཤུར།།3dt

གསོམ་དཀར་བཞོ་ཟོའི་ནང་འོ་མ་འཇོ་བའི།།3dt

ཕ་ས་གསེར་གཞུང་གི་བཞོན་མ་དྲན་ཁུ།།3dt

 3dt

དུ་ཞག་ལང་ལོང་ཞིག་མཁའ་ལ་འཁྱིལ་ཞིང་།།3dt

མ་ཎིའི་སྒོ་དར་དག་ལྷོད་ཀྱིས་བསྐྱོད་དུས།།3dt

ཆུ་ལེན་བུ་མོ་ཚོས་ཧབ་ཆ་སྒྲོག་པའི།།3dt

ཕ་ས་གསེར་གཞུང་གི་འབྲོག་སྡེ་དྲན་ཁུ།།3dt

 3dt

སྨུག་སྤྲིན་གྱ་གྱུར་ཞིག་འཕྲེད་ལ་ཉལ་ཞིང་།།3dt

སྒོ་ཁྱིའི་ཟུག་སྐད་དག་རྒྱང་ནས་ཐོས་དུས།།3dt

ལྷས་ཀྱི་འབྲོག་མོ་ཚོ་ཁྱིམ་དུ་འཛུལ་བའི།།3dt

ཕ་ས་གསེར་གཞུང་གི་ས་སྲིབ་དྲན་ཁུ།།3dt

 3dt

ཁ་ཚུབ་སྲུབས་དབར་ནས་རླངས་པ་འཕྱུར་ཞིང་།།3dt

ཀུ་རེའི་ཀྱལ་ཀ་ཡི་དགོད་སྒྲ་སྒྲོག་དུས།།3dt

ནུབ་ཟས་འོ་ཐུག་ལ་རྔུབ་འཐུང་བྱེད་པའི།།3dt

ཕ་ས་གསེར་གཞུང་གི་ཡུལ་མི་དྲན་ཁུ།།3dt

 3dt

ཕ་ཡུལ་འབྲོག་སྡེ་ཡི་གཡང་རའི་ནང་གི།3dt

ཕ་ས་གསེར་གཞུང་གི་བྱིས་དུས་དྲན་ཁུ།།3dt

ཕ་མེས་ཡང་མེས་ནས་ལས་ཀྱིས་འབྲེལ་བའི།།3dt

ཕ་མ་སྤུན་མཆེད་ཚོ་ལྷག་ཏུ་དྲན་ཁུ།།3dt

 3dt

11. 9 ཉིན།3dt

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།