༄༅།། ང་ནི་དགེ་རྒན་ཞིག་ཡིན།
སྤེལ་དུས།  2018-02-03  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།   རྩོམ་པ་པོ། ཁྲ་གླག་སྲས།  རྩོམ་སྒྲིག་པ། lobsang

སློབ་ཁྲིད་དང་ལས་བྱའི་ཁྲོད་མི་ཚེ་བོར་བའི་དགེ་རྒན་ཞིག་ཡིན།2ZW

དཔེ་དེབ་དང་སློབ་མར་འབྲེལ་འདྲིས་ཆེ་བའི་དགེ་རྒན་ཞིག་ཡིན།2ZW

ས་སྨྱུག་དང་སྒོ་སམ་ལས་ལོ་ཟླ་ཤོར་བའི་དགེ་རྒན་ཞིག་ཡིན།2ZW

ཀློག་འདོན་དང་འུང་ཟིང་ཁྲོད་དུས་འདའ་བའི་དགེ་རྒན་ཞིག་ཡིན།2ZW

 2ZW

ང་བླ་མའི་བྱིན་རླབས་ལྟ་བུའི་ཚན་ཁ་དང་2ZW

རྒྱུ་རྔམ་ཕྱུག་པོ་བཞིན་གྱི་འདོད་བློ།2ZW

ཉམས་ཆེན་དཔོན་པོ་འདྲ་བའི་ཚུགས་ཀ་མེད་རུང་།2ZW

ངས་སློབ་མའི་རྒྱུད་ཀྱི་འཇིག་སྣང་སྐྱོབ་ཐུབ།2ZW

ཤེས་བྱའི་འོད་ཀྱི་ས་བོན་འདེབས་ཐུབ།2ZW

 2ZW

 2ZW

ང་ཡོད་པ་སེམས་ཀྱི་བྱང་ཁོག་དཀར་པོ་ཞིག་དང2ZW

བློ་ཡི་ཐིག་སྣེ་དྲང་མོ་ཞིག་ཡོད་པས།2ZW

སློབ་བུས་ང་ལ་གུས་གུས་ཞུམ་ཞུམ་གྱི་རྣམ་འགྱུར་བཟུང་ནས།2ZW

སེམས་དང་ཁ་ངོ་ཡག་པོ་བསྟན་ཡོང་།2ZW

ངས་དུས་རྒྱུན་ཁོ་ཚོར་སེམས་ཀྱི་རེ་བ་ཡོད་ཚད་བཤད་དེ2ZW

གནད་ཀྱི་གདམས་པ་ཡང་དག་སྟོན་ངེས།2ZW

ངས་རྫུན་མི་སྨྲ་བ་ཡིན།    ངས་ཁྲམ་ལས་མི་བྱེད་པ་ཡིན།2ZW

དེ་ནི་ང་ཡི་རང་བཞིན་ཡིན་ལ་རང་གཤིས་ཀྱང་ཡིན་ནོ།།2ZW

ང་ནམ་ཡང་སློབ་བུའི་མདུན་གྱི་མེ་ལོང་བྱེད་དགོས།2ZW

ངོས་གཙང་ལ་དབྱིབས་ལེགས་པའི་མེ་ལོང་བྱེད་དགོས།2ZW

མེ་ལོང་ལས་ངས་ད་གཟོད་ཁོ་ཚོར་གནས་ལུགས་ཀྱི་བདེན་པ་སྟོན་ངེས་ཡིན།2ZW

 2ZW

 2ZW

ང་བྱ་ཕོ་དང་ལྷན་དུ་མལ་ལས་ལངས་ཤིང2ZW

ཉི་ནུབ་དང་འགྲོགས་ནས་ཁྱིམ་དུ་ལོག་དགོས།2ZW

དེ་ནི་ང་ཡི་ཉིན་རྒྱུན་གྱི་གོམས་སྲོལ་ཡིན་ལ།2ZW

འགན་འཁྲི་ཞིག་གི་རྩ་དོན་ཡིན་པས2ZW

ང་འདུག་མི་རུང་ལ་བསྡད་ཀྱང་མི་རུང་ངོ་།།2ZW

ངས་གཞན་གྱི་དུས་ཚོད་ལ་འདུ་ཤེས་སྤྲད་དེ་2ZW

རང་ངོ་ཟིན་པར་འབད་འབུངས་བྱ་ངེས།2ZW

དེ་ནི་ང་དགེ་རྒན་ཞིག་ཡིན་པར་བདེན་དཔང་བྱེད་ཐུབ།2ZW

དེ་ལས་ཀྱང་ངས་རང་གི་སློབ་མ་དེར2ZW

ཁྱིམ་མི་ཞིག་གི་བརྩེ་བ་འཆང་བཞིན།2ZW

གཅེས་ཕྲུག་ཅིག་གི་ལྟ་སྟངས་བཟུང་ནས།2ZW

ང་ནམ་རྒྱུན་ཁོ་ཚོ་དང་མཉམ་དུ་གནས་ཐུབ།2ZW

དེ་ཡང་ང་དགེ་རྒན་ཞིག་ཡིན་པའི་རྐྱེན་གྱིས་སོ།།2ZW

 2ZW

 2ZW

གཞན་ཡང་། ངས་སློབ་བུ་ཚོར་རེ་བ་ནན་མོ་བཏོན་ཏེ་2ZW

སྒྲིག་ལམ་ཡག་པོ་བཟོ་ངེས།2ZW

མི་གཞི་བཅའ་སྟངས་ནས་བསམ་བློ་འཛིན་སྟངས2ZW

འབྱུང་འགྱུར་གྱི་ལས་དོན་ལེགས་པོ་ཞིག་2ZW

འཁྱོངས་པར་སྐུལ་སློང་བྱེད་ངེས།2ZW

དེ་ནི་ང་ཡི་སེམས་ཁོང་ན་འོད་ཀྱིས་ཟིན་པའི་དྲོད་ཐིག་ཅིག་དང2ZW

མིག་ལམ་ན་རྫོགས་རྒྱུ་མེད་པའི་ཡུལ་ལྗོངས་ཤིག་ཡོད་པས་ཡིན།2ZW

 2ZW

 2ZW

ང་ནི་ང་སྟེ། ཁྲིད་སྟེགས་ཆུང་ཆུང་ཞིག་དང་སྒོ་སམ་གྲུ་བཞི་ཞིག   2ZW

དཔེ་དེབ་རལ་པོ་ཞིག་དང་ས་སྨྱུག་ཚོན་ལྡན་ཞིག་ལས2ZW

ཅི་ཡང་མེད་པའི་ང་ཡིན་པས།2ZW

 སྤྱི་ཚོགས་འདིའི་སྟེང་ཁྱོད་དགེ་རྒན་ཞིག་རེད་ཅེས་2ZW

མཐོང་ཆུང་གི་ལྟ་སྟངས་འཛིན་གིན་འདུག2ZW

ལས་གནས་ཀྱི་ཁྱད་པར་འགེར་བཞིན་འདུག2ZW

དེ་བས། ང་ལའང་བསམ་ཚུལ་ཞིག་ཡོད་དེ2ZW

དགེ་རྒན་མིན་པའི་ཁྱོད་ཚོ་ནི་རང་བྱུང་ཁམས་སུ་མེད་པར2ZW

ཁྱིམ་གྱི་རྫ་བུམ་ཞིག་གི་ནང་དུ་སྐྱེས་ཀིན་པའི་2ZW

མདངས་མཛེས་པའི་མེ་ཏོག་དེ་དང་འདྲ་བོ་འདུག་ལ།2ZW

ཁྱིམ་བདག་མས་ཆུ་གཏོར་བ་དང་ཉི་མ་ལྡེ་བ་ལས་2ZW

སྐྱེས་འོང་བ་རེད་ཅེས་སྨྲ་ན་འདོད་བྱུང་།2ZW

       2ZW

                  ༢༠༡༧ལོའི་ཟླ་༡༠བའི་ཚེས་༡༣ཉིན་གྱི་ཕྱི་དྲོར།2ZW

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།