༄༅།། སྲོང་བཙན་གོང་དུ་ཡིག་གཟུགས་ཡོད་མེད་ལ་དཔྱད་པ།
སྤེལ་དུས།  2017-11-30  རྡེབ་ཚད།   ཡོང་ཁུངས། ཡིག་གཟུགས་ཀྱི་རྣམ་བཤད་དུང་གི་ཟླ་བ།  རྩོམ་པ་པོ། རིག་བསྟན།  རྩོམ་སྒྲིག་པ། lobsang

"སྲོང་བཙན་སྒམ་པོའི་སྐུ་རིང་ལ། ། རྒྱ་གར་མཁས་པ་ལི་བྱིན་སྤྱན་དྲངས། ། ཐོན་མི་སམྦྷོ་ཊས་ཡི་གེ་བསྒྱུར། །"ཞེས་གསུངས་ཡོད་པ་ལས་ཀྱང་བོད་ལ་སྔོན་ནས་ཡི་གེ་ཡོད་པ་ཤེས་ནུས། ཡང་རྒྱ་ནག་གི་ལོ་རྒྱུས་《ཐང་ཡིག་གསར་མ》དང་《ཐང་ཡིག་རྙིང་མ》གཉིས་ཀའི་ནང་དུ་སྲོང་བཙན་གོང་གི་བོད་ཀྱི་ལོ་རྒྱུས་བཤད་སྐབས་"སྲོང་བཙན་གྱིས་ཁྲང་སུན་ཝུའུ་ཅི་བྱ་བ་བརྒྱུད་དེ་གོང་མར་ཡི་གེ་ཕུལ་ཏེ་""གནམ་གྱིསྲས་ཁྲིར་བཞུགས་མ་ཐག་ཡིན་པས། ། འོག་ཏུ་གློ་བ་རིང་བ་འདྲ་བྱུང་ན། །ཁོ་བོས་དམག་དྲངས་ཏེ་གྲོགས་ཏན་བྱས་ཆོག།"ཅེས་སྲོང་བཙན་དུས་སུ་ཡི་གེ་ཡོད་པ་གསལ་པོར་ཤེས་ཐུབ། སྤྱིར་བོད་ཀྱི་ཡིག་གཟུགས་ནི་བོད་སྐད་གཞིར་བཞག་ནས་བོད་མི་རང་གིས་ལག་པ་གཉིས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པ་ལས་མི་རིགས་གཞན་ཞིག་གིས་གསོལ་རས་གནང་བའམ་ཡང་ན་རྐུ་འཕྲོག་བྱས་པ་ནི་མ་ཡིན་ནོ། །4dZ

ཞར་བྱུང་བོད་ཀྱི་ཡིག་གཟུགས་སྲོང་བཙན་སྔོན་དུ་མེད་ཟེར་དགོས་པའི་རྒྱུ་མཚན་བཤད་པ། སྔོན་གྱི་མཁས་པ་ཚོས་སྲོང་བཙན་གྱི་སྐབས་སུ་བོད་ཡིག་འདི་གསར་བཟོ་བྱས་པ་རེད་ཅེས་པ་དེ། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་དང་ཁ་མཐུན་པ་ཡིན་མོད། འོན་ཀྱང་དེ་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྐབས་སུ་བོད་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་བ་ནས་འགོ་བཙུགས་ཏེ། བོད་ཀྱི་ཤེས་རིགས་ཐམས་ཅད་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་གང་ཐུབ་བྱས་ཡོད་པར་མ་ཟད། བོད་མི་རིགས་ཀྱི་འབྱུང་ཁུངས་ཀྱང་རྒྱ་གར་ལ་གཏུགས་ཅི་ཐུབ་མཛད་ཡོད། འོ་ན་དེ་དག་ཅི་རེད་ཅེ་ན། སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་པ་ཡིན་པ་ལས་ལོ་རྒྱུས་དངོས་མ་ཡིན་པ་ནི་དཔྱོད་ལྡན་རྣམས་ཀྱིས་བརྟགས་ན་ཤེས་གསལ་ལྟར་རེད། དེ་ཡང་དཔེར་ན་དེང་སང་འཛམ་གླིང་ཐོག་ཏུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཆེས་དར་ཁྱབ་ཆེ་ས་ནི་བོད་གངས་ཅན་གྱི་ལྗོངས་རེད་ཡོད་ཀྱང་། དེའི་འབྱུང་ཁུངས་དངོས་དེ་རྒྱ་གར་ཡིན་པ་ལས། བོད་ནས་དར་བ་རེད་ཅེས་བརྗོད་ན་ལོ་རྒྱུས་དང་མི་མཐུན་པ་མི་ཀུན་གྱིས་ཤེས་གསལ་ལྟར་རེད། གཞན་ཡང་ཞང་ཞུང་རྒྱལ་པོའི་མངའ་རིས་དེང་གི་རྩ་མདའ་རྫོང་གི་ས་ཆའི་བག་ངོས་ཞིག་ན་རི་མོ་སྣ་ཚོགས་ཡོད་པའི་ནང་དུ་སྨར་ཡིག་གི་རྗེས་ཤུལ་ཞིག་རྙེད་པ་དེ་ལོ་ངོ་སུམ་སྟོང་ཡས་མས་སོང་འདུག་ཅེས་གནའ་རྫས་རྟོག་ཞིབ་པས་བཤད། ཡང་སྤྱི་ལོ་༡༩༣༩ལོར་ནུབ་ཕྱོགས་ཀྱི་མཁས་པ་ཆེན་པོ་སྐུ་ཞབས་ཇོ་སེབ་ཏུཀྩ་ལགས་ཀྱིས་བོད་ནུབ་ཕྱོགས་ལ་དྭགས་ནས་རྡོར་བརྐོས་རི་མོ་རྙེད་པ་ལ་ལོ་ངོ་ཁྲི་བཞིའི་སྔོན་དུ་བརྐོས་ཡོད་པར་བཤད་པ་ལྟ་བུ་སོགས་དུ་མ་ཡོད་ཅིང་། དེས་ན་ལོ་རྒྱུས་ཞེས་པ་དེ་དྲང་བདེན་གྱི་ལམ་ནས་བཤད་རྒྱུ་མ་གཏོགས་འཁྱོག་བཤད་གཏན་ནས་བཤད་མི་རིགས་སྙམ། འོ་ན་ཐོན་མི་སམྦྷོ་ཊ་བོད་ལ་བཀའ་དྲིན་མི་ཆེའམ་སྙན་ན་དེ་ནི་ཤིན་ཏུ་བཀའ་དྲིན་ཆེ་སྟེ། བོད་རང་ཉིད་ཀྱི་ཡི་གེ་དང་མཐུན་པའི་བརྡ་སྤྲོད་རིག་པ་ཆ་ཚང་བ་ཞིག་གསར་དུ་མཛད་ཡོད་པར་མ་ཚད། ནང་པ་སངས་རྒྱས་པའི་ཆོས་གཞུང་ཚང་མ་བོད་ཡིག་ལ་བསྒྱུར་རྒྱུའི་ཐད་ལ་སྐབས་དེར་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་པ་ནི་དེའི་སྐོར་གྱི་ཆེད་སྦྱོང་མི་སྣ་ཚོས་ཁྱད་པར་དུ་ཤེས་དགོས་པ་ཡིན་ནོ། །4dZ

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།