༼དེབ་ཐེར་དམར་པོ།༽
སྤེལ་དུས།  2012-10-22  རྡེབ་ཚད།   ཡོང་ཁུངས། ངེད་དྲ་ཚིགས།  རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།  རྩོམ་སྒྲིག་པ། lobsang

      ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི་༼༼དེབ་ཐེར་དམར་པོ༽༽དེ་སྔོན་བོད་ཀྱི་ལོ་རྒྱུས་མཁས་པ་རྣམས་ཀྱིས་ཧ་ཅང་མཐོང་ཆེན་གནང་གི་ཡོད་པ་མ་ཟད།    མཁས་པ་འགའ་ཞིག་གིས་བོད་ཀྱི་ལོ་རྒྱུས་འབྲི་སྐབས། འདིའི་ནང་གི་༼༼ཐང་ཡིག་བོད༽༽ཀྱི་སྐོར་གྱི་དུམ་རྗ་དེ་ཡང་ཆ་ཚང་བ་དྲངས་ནས།  ཐང་བོད་རྒྱལ་རབས་གཉིས་དུས་མཚུངས་བསྒྲིགས་པའི་དཔྱད་གཞིར་བཀོད་ཡོད་པ་དཔེར་ན།  མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་༼༼དེབ་ཐེར་སྔོན་པོ༽༽བོད་ཀྱི་རྒྱལ་རབས་ཐད་གོང་གི་དུམ་རྗ་ཆ་ཚང་དྲངས་ཡོད་པ་དང་། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་༼༼ཆོས་འབྱུང་མཁས་པའི་དགའ་སྟོན༽༽ལེ་ཚན་གྲངས་༡༠བ་༣༡༤བ༣བར་ཁོང་རང་ཉིད་ཀྱིས་གཟིགས་པའི་དུམ་རྗ་ཆ་ཚང་ཞིག་དྲངས་ཡོད་པ་ལྟ་རྗ་དང་། དེ་བཞིན་དེབ་ཐེར་འདིའི་དཔེ་བཤུས་མ་ཁག་མང་པོ་འཕེལ་རྒྱས་བྱུང་བ་བཅས་བོད་ཀྱི་ལོ་རྒྱུས་དང་། ཐང་བོད་འབྲེལ་བའི་ཐད་ལ་རྟོག་ཞིབ་བྱེད་སྐབས་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་ཡིན། འོན་ཀྱང་གོང་གསལ་༼༼དེབ་ཐེར་སྔོན་པོ༽༽ནང་བཀོད་པའི་༼༼ཐང་ཡིག༽༽བོད་ཀྱི་དུམ་རྗ་དེ་དང་། ༼༼ཆོས་འབྱུང་མཁས་པའི་དགའ་སྟོན༽༽ནང་བཀོད་པའི་དུམ་རྗ་གཉིས་ཚིག་མི་འདྲ་བའི་ཐོག ཐང་བོད་རྒྱལ་པོ་སོ་སོའི་སྲིད་ལོའི་ལོ་ཁམས་དང་ལོ་གྲངས་ཐད་ལ་ནོར་འཁྲུལ་མང་པོ་འདུག་པ་མ་ཟད།     དེ་མིན་གྱི་ལོ་རྒྱུས་འགའ་ཞིག་ཐད་ལ་དོགས་གཞི་མང་པོ་འདུག   དེར་བརྟེན་ང་ཚོས་ཕྱི་རྒྱལ་ནས་པར་སྐྲུན་བྱས་པའི་༼༼དེབ་དམར༽༽དཔེ་དེབ་དང་། གཞན་ཡང་མི་རིགས་ཕོ་བྲང་དུ་ཡོད་པའི་༼༼དེབ་དམར༽༽དཔེ་དེབ་མི་འདྲ་བ་བདུན་བཅས་ལ་སྔ་རྗེས་སུ་ཞིབ་བསྡུར་དང་།     ཞུས་དག་ཐེངས་བཅུ་གཅིག་བཏང་རྗེས་དཔེ་དེབ་འདི་ལེགས་སྒྲིག་བས་པའི་གནས་ཚུལ་སྐོར་གཤམ་གསལ།  VBH
           ༡.བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུས་སུ་ཡོད་པའི་༼༼དེབ་དམར༽༽དཔེ་དེབ་ཁག་གཉིས་ཀྱི་ནང་དཔེ་དེབ་གཞན་དག་ཏུ་མ་གསལ་བ། ས་སྐྱའི་ལོ་རྒྱུས་ཀྱི་མཇུག་དང་། པཎ་ཆེན་སྡོམ་བརྒྱུད་ཀྱི་བར་དུ་བསྟན་པའི་གཏད་རབས་དང་། བོད་ཀྱི་མཁན་བརྒྱུད། འདུལ་བ་སྟོད་དར་བཅས་ལ་ཤོག་གྲངས་གཉིས་ལྷག་ཙམ་དང་།  དེ་ནས་དྭགས་པོ་བཀའ་བརྒྱུད་ཀྱི་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོའི་ལོ་རྒྱུས་ཀྱི་མཇུག་དང་། བདེ་གཤེགས་ཕག་མོ་གྲུ་བའི་ལོ་རྒྱུས་ཀྱི་བར་དུ་ཀརྨ་པ་དུས་གསུམ་མཁྱེན་པ། ཀརྨ་པ་པཀྴི། ཀརྨ་པ་རང་བྱུང་རྡོ་རྗེ། ཀརྨ་པ་སྐུ་ཕྲེང་བཞི་པའི་ལོ་རྒྱུས་བཅས་ཁྱོན་ཤོག་གྲངས་སུམ་ཅུ་སོ་གཉིས་ཙམ་དང་། ཡང་ལྷ་ས་ཚོགས་པའི་གདན་རབས་ལོ་རྒྱུས་ཀྱི་མཇུག་དང་།  དེབ་འདིའི་མཇུག་བང་གི་བར་དུ། གུང་ཐང་བླ་མ་ཞང་ནས།  བླ་མ་སངས་རྒྱས་འོད་ཟེར་བར་ཚལ་བ་བཀའ་བརྒྱུད་ཀྱི་ལོ་རྒྱུས་ཤོག་གྲངས་བཅུ་བཅས་གོང་འོག་ཁྱོན་བསྡོམས་ཤོག་གྲངས་བཞི་བཅུ་ལྷག་ཙམ་ཞིག་སྔོན་ཆད་རྒྱལ་ཁབ་ཕྱི་ནང་དུ་པར་སྐྲུན་བྱས་ཟིན་པའི་དཔེ་དེབ་ཚང་མར་ཆད་སྐྱོན་བྱུང་འདུག་པ་རྣམས་ད་རེས་གསར་དུ་ཁ་སྣོན་བྱས་པ་ཡིན།  VBH
         ༢.དཔེ་དེབ་འདི་གཟིགས་བདེ་པོ་ཡོང་ཆེད་ནང་དོན་གལ་ཆེ་བ་རྣམས་དུམ་རྗར་བགོས་ནས་ཟུར་དུ་དཀར་ཆག་བཀོད་པ་དང་ཆབས་ཅིག  དེང་རབས་ཀྱི་དཔེ་དེབ་སྒྲིག་སྟངས་ཀྱི་ལག་རྩལ་གསར་པ་ལྟར་ནང་དོན་དུམ་རྗ་སོ་སོར་ཡིག་ཕྲེང་གསར་པ་ནས་འགོ་ཚུགས་ཏེ་ནང་དོན་སྔ་ཕྱིའི་བར་དབྱེ་མཚམས་གསལ་པོ་ཡོང་བ་བས་ཡོད།  VBH
         ༣.དེབ་ཐེར་འདིའི་ནང་ད་དུང་ལོ་ཁམས་དང་།ལོ་གྲངས་སོགས་ལ་ལོ་རྒྱུས་ཡིག་ཆ་གཞན་དག་དང་མི་མཐུན་པ་དང་།   ཚིག་སྔ་ཕྱིའི་བར་འགལ་བ་ཡོད་པ་སོགས་དོ་སྣང་བྱེད་དགོས་པའི་གནད་དོནམང་པོ་འདུག་ཀྱང་བཟོ་བཅོས་མ་བས་པར་མ་ཡིག་ལྟར་སོར་བཞག་བས་ཡོད། VBH
        ༤.དེབ་ཐེར་འདིའི་ནང་དོན་ཁག་གཅིག་འགྲེལ་བཤད་མེད་ན་གོ་དཀའ་བའི་རིགས་མང་པོ་ཡོད་པ་རྣམས་ནས། སྔ་རབས་ཀྱི་ཀྲུང་གོའི་ལོ་རྒྱུས་དང་འབྲེལ་བ་ཡོད་རིགས་རྒྱ་ཡིག་གཟིགས་མ་ཐུབ་པའི་བློ་མཐུན་ཚོར་སྟབས་བདེ་ཡོང་བའི་ཆེད་དུ།  རྒྱ་ཡིག་གི་༼༼ཀྲུང་གོའི་ལོ་རྒྱུས་ཕྱོགས་བསྒྲིགས༽༽དང་༼༼རྒྱ་ཡིག་ཚིག་མཛོད་ཆེན་མོ༽༽ནས་ཉུང་བསྡུས་བས་ཏེ་བཀོད་ཅིང་། དེ་མིན་འབྲེལ་བཤད་རྒྱས་བསྡུས་གང་རུང་འོས་འཚམས་རེ་དང་། ཞོར་ལ་ཟུར་བལྟའི་དཔྱད་གཞིའི་ཡིག་ཆ་སོ་སོའི་རྩོམ་པ་པོ་དང་། དཔེ་དེབ་ཀྱི་མིང་། ལེ་ཚན།  ཤོག་གྲངས་བཅས་འགོད་གང་ཐུབ་བས་ཐོག  དཔེ་དེབ་མང་པོ་གཟིགས་རྒྱུར་ཐུགས་མཉེས་པོ་ཡོད་པ་དང་། ལོ་རྒྱུས་ཞིབ་འཇུག་གནང་མཁན་ཚོར་སྟབས་བདེ་ཡོང་རྒྱུར་བསམ་གཞིགས་བས་ཡོད་ཅིང་།  ཁྱོན་བསྡོམས་གལ་ཆེའི་མིང་ཚིག་དྲུག་བརྒྱ་བརྒྱད་ཅུ་ལྷག་ཙམ་ལ་མཆན་འགྲེལ་བཀོད་ཡོད།  VBH
         ༥.དཔེ་དེབ་འདིའི་ནང་བོད་དུ་འགྲོ་བ་མིའི་རིགས་ཐོག་མར་ཆགས་པ་ནས།རྒྱལ་པོ་གླང་དར་མས་སངས་རྒྱས་ཆོས་ལུགས་མ་བསྣུབས་བར་གྱི་ལོ་རྒྱུས་རྣམས་ཥ་ཅང་སྟབས་བདེ་ཞིག་ལས་མེད་པར་མ་ཟད།     དེའི་སྐོར་གྱི་མིང་ཚིག་གི་འགྲེལ་བཤད་རྣམས་རྗེས་སུ་༼༼ལྷོ་བྲག་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཚིག་འགྲེལ༽༽དང་འགོད་རྒྱུ་ཡིན་སྟབས།       ཐེངས་འདིར་བྲིས་མ་དགོས་པ་བས་པ་ཡིན་པས་གཟིགས་པ་པོ་རྣམས་དགོངས་ཁྲེལ་མེད་པ་ཞུ་རྒྱུ་དང་ཆབས་ཅིག   དཔེ་དེབ་འདི་སྒྲིག་སྟངས་དང་འགྲེལ་བཤད། དཔྱད་གཞིའི་ཡིག་ཆའི་སྐོར་བཅས་ལ་ནོར་འཁྲུལ་ཡོད་རིགས་ལེགས་བཅོས་ཀྱི་དགོངས་འཆར་ཐད་ཀར་གནང་རོགས་ཞུ་རྒྱུ།  VBH
 VBH

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།